e-texts navigator
Collection
Volume
Page
Wylie

93b1 པར་དགོད་པའི་ཕྱིར་མི་གསལ་བ་དང་། གླེན་པའི་གནས་ཐམས་ཅད་དུ་ཡང་འཇུག་པར་བྱེད་དོ།། སེམས་ཅན་ཡན་ལག་མ་ཚང་བ་ཐམས་ཅད་སྐྱོ་བ་ལ་དགོད་པའི་ཕྱིར། ཡན་ལག་ཐམས་ཅད་མ་ཚང་བ་ཡང
93b2 སྟོན་པར་བྱེད་དོ།། འཁོར་བ་ལ་སྐྱོབ་བསྐྱེད་པའི་ཕྱིར་ཁམས་བཞི་དང་ལྡན་པར་ཡང་བྱེད་དེ།། ལེ་ལོ་ཅན་དང་དྲན་པ་ཉམས་པ་རྣམས་དང་རྒྱགས་པ་དང་མྱོས་པ་རྣམས་བརྩོན་འགྲུས་དང་བསམ་གཏན་དང་སྐྱོབ
93b3 ལ་དགོད་པའི་ཕྱིར། ནད་བཞི་བརྒྱ་ཟླ་བཞི་དང་ལྡན་པར་ཡང་སྟོན་ཏོ།། བཟོད་པ་ལ་དགོད་པའི་ཕྱིར་གནོད་སེམས་ཅན་ལྟ་བུར་ཡང་འགྱུར་རོ།། རྟག་པའི་འདུ་ཤེས་ཅན་གྱི་སེམས་ཅན་རྣམས་ལ་རྟག་པའི
93b4 ཉེས་པ་ཡང་དག་པར་བསྟན་པའི་ཕྱིར། བསྐལ་པ་ཐམས་ཅད་དུ་ཡང་འབྱུང་ངོ་།། ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཡི་གེ་སློབ་པའི་གྲི་ཁང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། བུ་མོ་དག
93b5 ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གྲུ་དབྱངས་ཀྱི་ཁང་པ་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ།། འཇིག་རྟེན་དང་འཐུར་པར་བྱ་བའི་ཕྱིར། རྒན་པོ་དང་། ཐོར་བུ་དང་། བཱར་མ་རྣམས་ཀྱི་གྲོགས་ཀྱང་བྱེད།
93b6 དོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྲན་པོ་དང་། བྲན་མོ་དང་། གཞན་གྱིས་བཀོལ་བར་ཡང་འགྲོའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ནད་པ་དང་། རྒས་པ
93b7 དང་། ཤི་བ་ལྟ་བུར་བདག་ཉིད་སྣ་ཚོགས་སུ་ཡང་སྟོན་ཏོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རིན་པོ་ཆེ་དང་། ནོར་བུ་ཐམས་ཅད་ཀྱི་སྣོད་ལྟ་བུར་ཡང་འགྱུར་རོ།། རིག་བྱེད་ཀྱིས་ཆོག་པར་འཛིན་པའི




iiif viewer powered by OpenSeadragon

93a - 94a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo