| | e-texts navigator
|
92b1 གཟུགས་ལྟ་བུར་སྡང་སྟེ། ལྔ་བ་ལ་གནས་པར་ཡང་མི་འགྱུར་རོ།། གཞོན་ནུ་ལ་དང་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅང་པའི་ཕྱིར། གཞོན་ནུའི་གནས་རྣམས་སུ་ནི། གཞོན་ནུའི་གཟུགས་ལ་བུར་སྣང་སྟེ།
92b2 བལ་གནས་པར་ཡང་མི་འགྱུར་རོ།། ཀ་ཏྱའི་བུའི་སྡིག་པ་དང་། འཚེ་བ་མི་བཟད་པ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པ་དང་། སྲོག་གཅོད་པ་བཟློག་པའི་ཕྱིར། ཀཏྱའི་བུའི་གནས་རྣམས་སུ་ནི
92b3 ཀཏྱའི་བུའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། སེམས་ཅན་རྣམས་སྡིག་པ་ལས་བཟློག་པའི་ཕྱིར་འབྱུང་པོའི་གནས་རྣམས་སུ་འབྱུང་པོའི་གཟུགས་ལྟ་བུར་སྣང་ཞིང་ལྟ་བ
92b4 ཅན་ཐམས་ཅད་ཀྱི་ལྷའི་གནས་དང་། ལྟད་མོ་ཅན་དང་། དགེ་མཚན་ལྟ་བུའི་གནས་རྣམས་སུ་ལྟ་བ་ཅན་གྱི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ།། ཤ་ཟ་བ་དང་གསོད་པ་ལས་བཟློག
92b5 བའི་ཕྱིར། ཕག་འཚོང་བའི་གནས་སུ་བགེགས་ཀྱི་མཚན་མའི་ཚུལ་སྟོན་ཅིང་ཤ་འཚོང་བ་ལྟ་བུར་ཡང་སྣང་ངོ་།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། རིགས་ཀྱི་ཆང་འཚོང་བའི་ནང་དུ་ཆང་འཐུང་བ
92b6 ལྟ་བུར་ཡང་སྣང་ཞིང་། རང་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར། རིགས་ཀྱི་གཙོ་བོའི་བུ་ལྟ་བུར་འགྱུར་ཞིང་། སེམས་ཅན་རྣམས་ལ་ཆང་གི་སྦྱིན་པ་བྱེད་དེ། ཆང་ལ་ཆགས་པར་ཡང་མ
92b7 འགྱུར་རོ།། དེ་བཞིན་དུ་ལས་ཆེན་པོ་བཅུ་དྲུག་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར། ལས་ཆེན་པོ་བཅུ་དྲུག་བྱེད་པའི་རིགས་རྣམས་སུ་སྐྱེས་ནས། ལས་ཆེན་པོ་བཅུ་དྲུག་བྱེད་པ་ལྟ་བུར་ཡང་སྣང
iiif viewer powered by OpenSeadragon
92a - 93a