| | e-texts navigator
|
92a1 དཔའ་ཆེན་པོ་རྣམས་ནི། རྟག་ཏུ་དེ་བཞིན་གཤེགས་པའི་ཡོན་ཏན་ཐོབ་པར་འགྱུར། ཐོས་པ་སོགས་པར་ཡང་འགྱུར་རོ།། དེ་བཞིན་གཤེགས་པའི་ཆོས་རྣམས་ལས་ཀྱང
92a2 རྟག་ཏུ་ཡོངས་སུ་ཉམས་པར་མི་འགྱུར་རོ།། ཤེས་རབ་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ།། ཡེ་ཤེས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ།། དེ་བཞིན་གཤེགས་པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ།
92a3 དང་ཞི་བའི་རང་བཞིན་དང་། ཡོན་ཏན་གྱི་ཚོགས་ངེས་པར་འབྱེད་པའི་བློ་གྲོས་ཅན་དུ་ཡང་འགྱུར་རོ།། ཆོས་མཉན་པ་དང་དགེ་འདུན་ལ་བསྙེན་བཀུར་བྱ་བ་དང་ཡང་འབྲལ་བར་མི་འགྱུར་རོ།། བསྡུ་བའི་དངོས
92a4 པོ་བཞི་ལ་ཡང་བརྩོན་པར་འགྱུར་རོ།། སྔར་སྨོས་པའི་ཡོན་ཏན་ཐམས་ཅད་དང་ཡང་ལྡན་ཞིང་མཁས་པར་འགྱུར་གྱིས། སྤྲིན་ཆེན་སྤྱོང་པོ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཟུང
92a5 ཤིག། སྤྲིན་ཆེན་སྙིང་པོ་གཞན་ཡང་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཡུལ་ལ་འཇུག་པ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས
92a6 དཔའ་ཆེན་པོ་ནི། ལྷའི་གནས་ཐམས་ཅད་ན་ཡང་བྱ་བ་ལ་སྣང་སྟེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ཀྱི་མཆོད་པའི་འོས་སུ་སྙམ་པའི་ལྟ་བ་གཅད་པའི་ཕྱིར། ཚངས་པའི་གནས་རྣམས་སུནི་ཚངས་པའི
92a7 གཟུགས་དབུར་ལྡང་སྟེ། ལྟབལ་གནས་པར་ཡང་པོ་འགྱུར་རོ།། དབང་ཕྱུག་ཆེན་པོ་ས་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བགམེད་པའི་ཕྱིར། དབང་ཕྱུག་ཆེན་པོའི་གནས་རྣམས་སུན།། དབང་ཕྱུག་ཆེ་རྗེ
iiif viewer powered by OpenSeadragon
91b - 92b