| | e-texts navigator
|
81a1 པགལས་པ་མོན་གྱི་མཐོལགས་ས་པར་གཟོད་པ་ས་དྲང་མན་པར་རྗེ་བ་ཞེས་བྱ་བའི་རློས་སྤྱོ་དང་། འདོ་དབགི་འདུག་པ་མདོན་པར་མ་ལྟལ་ལོ། ས་།
81a2 ཆོས་ཀྱི་སྒོ་དང་། ཐོབ་པར་དཀའ་བ་དང་རྟོགས་པར་དཀའ་བ་རབ་ཏུ་སྟོན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྣོད་དུ། རྒྱན་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དགའ་ཞིང་མངོན་པ
81a3 ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་སེང་གེ་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ། ལྷའི་བུ་སེང་གི་དཔའ་བོ་ཞེས
81a4 བྱ་བས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནཱ་ས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་དཔེ་མེད་པ།། ཡེ་ཤེས་དཔེ་མེད་དག་ལ་རབ་ཏུ་གནས།། སེམས
81a5 ཅན་རྣམས་ལ་བདེ་མང་མཛད་སྐད་དུ།། ཐབས་ཀྱིས་སེང་གེའི་རྣམ་པར་རོལ་པ་མཛད།། སེང་གེ་རྣམ་པར་རྩེ་བ་ལ་དམིགས་པའི་གླིང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།།
81a6 སྤྲིན་ཆེན་སྙིང་པོས་གསོལ་པ། མཚམས་སྦྱར་བ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ། བཅོམ་ལྡན་འདས་ཀྱིས་མངོན་པ
81a7 མཚམས་སྦྱར་བར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཚམས་བརྟག་པར་བྱ་བའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐབས་ཀྱིས་ཤིན་ཏུ་རབ་ཏུ་ཞི་བར།
iiif viewer powered by OpenSeadragon
80b - 81b