| | e-texts navigator
|
67b1 ཅར་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ་བརྡལ་ནས་བསྒྲལ་བར་བྱའོ།། གྲོལ་ནས་དགྲོལ་བར་བྱའོ་སྙམ་རས་བསྟན་པའི་བསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག
67b2 འཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་ཡུན་རིང་པོར་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་པ་ན། བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པའི་གསང་བའི་དེ་ཁོ་ན་མཐོང་བར་ཡང
67b3 འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་འདུལ་བའི་དབང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་བསང་བའི་ཁྱད་པར་བྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར
67b4 མཐོང་བར་ཡང་འགྱུར་རོ།། ཟབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་རོལ་པའི
67b5 གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས
67b6 འདྲས་པ་ལ་བཟང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ་བསམ་གྱིས་མི་ཁྱབ་པར་འགྲོ་བར་འཇུག་པ་ལ་གནས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ
67b7 འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ།། ཏིང་ངེ་འཛིན་ཡང་དག་པར་བསོགས་པར་ཡང་འགྱུར་རོ།། ཐོས་པའི་རྒྱ་མཚོར་ཡང
iiif viewer powered by OpenSeadragon
67a - 68a