| | e-texts navigator
|
17b1 བའི་སྒྲ་བུང་ངོ་།། ཡང་དེའི་ཚེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། ནགས་རྣམས་དུས་མ་ཡིན་པར་མེ་ཏོག་རྒྱས་ཤིང་། དུས་མ་ཡིན་པར་འབྲས་བུ་དང་། སྤུག་ཟར་དང་།
17b2 དོག་པ་རྣམ་པ་སྣ་ཚོགས་རབ་ཏུ་རྒྱས་པ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཤིན་ཏུ་བཀྲམ་མོ།། ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་སེང་གེའི་རྒྱལ་པོ་རིན་པོ་ཆེ་པདྨ་ཞེས་བྱ་བ་སེང་གེའི་རྒྱལ་པོ
17b3 འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་གལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
17b4 ཕྱག་འཚལ་ཏེ། གཅན་ཟན་དང་རི་དགས་ཐམས་ཅད་ལ་བདེ་བའི་སྒྲ་སེང་གེའི་སྐད་འབྱིན་ཅིང་འཆག་ལ་ཤིན་ཏུ་བརྩེ་སྟེ། བཅོམ་ལྡན་འདས་ལ་སཱི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས
17b5 ལ་ལན་གསུམ་བསྐོར་བ་བྱས་ནས། བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་རི་བི་དང་། སྤྲིན་ལྟ་བུ་ཞེས་བྱ་བ་སྤྲོས
17b6 ཀྱི་གླང་པོའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོད་ལྤགས་ནས་བཅོམ་ལྡན་འདས་ཀྱི
17b7 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འབྲུག་སྒྲ་ཆེན་པོ་བཞིན་དུ་སྒྲོགས་ཤིང་སྐད་ཕྱུང་ནས། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས
iiif viewer powered by OpenSeadragon
17a - 18a