| | e-texts navigator
|
16b1 བིདིའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལནྡ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།།
16b2 ཡང་དེའི་ཚེ་བྱའི་རྒྱལ་པོ་ཤིང་ཤང་ཏེའུ་ཞེས་བྱ་བ། བྱའི་རྒྱལ་པོ་ཤང་ཤང་ཏིའུ་འབྲམ་ཕྲག་དུ་བ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང
16b3 ནས། བཅོམ་ལྡན་འདས་ག་ལ་བ་དེར་དེང་སྟེ་ལྷགས་ནས། རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཡིད་དུ
16b4 འོང་བའི་སྒྲ་ཕུང་སྟེ། ཤང་ཤང་ཏེའུ་ཡི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲྀ་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱ་ཀ་ལནྡ་ཀ
16b5 གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་བྱའི་ཚོགས་ཐམས་ཅད་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ
16b6 དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་དུ་མ་ཕྱུང་སྟེ། ནམ
16b7 མཁའི་དཀྱིལ་ཡོངས་སུ་གང་བར་བྱས་ནས། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལེ་ལན་གསུམ་བསྐོར་བ་བྱས་ཏེ། འོད་མའི་ཚལ་བྱ་ཀ་ལ་རཱ་ཀ་གནས་པའི་ཕྱོགས
iiif viewer powered by OpenSeadragon
16a - 17a