| | e-texts navigator
|
16a1 འབྱིན་ཏེ། རྨ་བྱའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞྭ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། འོད་མའི་ཚལ་བྱཱ་ཀ་ལནྡྷ
16a2 གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་ཁུ་བྲག་གི་རྒྱལ་པོ་སྡེ་བདག་ཅེས་བྱ་བ་བུ་དྲུག་གི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེམ་རེད་ཀྱི་དུས་ཀྱི་ཚེ།
16a3 རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྗགས་རུས། རང་རང་གི་འདབ་མཐལ་མོའོ་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
16a4 ཕྱག་འཚལ་ན་ས། སིལ་སཱན་སྟོང་དང་འདྲ་བའི་སྒྲ་ཕྱུང་སྟེ། ཅ་ཅོའི་སྒྲ་བཏོན་ནས། བུང་བའི་མདོག་འདྲ་བའི་ཁུ་བྱུག་གི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར།
16a5 བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱཱ་ཀ་ལནྡ་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་།། ཡང་དེའི་ཚེ་གངས་ཀྱི་རོ་ལ་གནས་པའི
16a6 བྱ་ཀ་ལ་བིདའི་རྒྱལ་པོ་པདྨའི་འདབ་མ་འདྲ་བའི་མིག་ཅེས་བྱ་བ། ཀ་ལ་བིངྐའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ
16a7 ལྡན་འདས་ག་ལ་བ་དེར་དོང་སྟེ་ལྤགས་ནས། རང་རང་གི་འདབ་མཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཡིད་དུ་འོང་བའི་སྒྲ་ཕུང་སྟེ། ཀ་ལ
iiif viewer powered by OpenSeadragon
15b - 16b