| | e-texts navigator
|
157b1 སྨྲས་སོ།། བདག་ཉིད་ངན་པ་བླ་མའི་ཆུང་མ་མ་རུང་བར་བྱེད་པ་ཁྱོད་ཉེས་པ་ཆེན་པོ་བྱས་ལ། བྲམ་ཟེར་མི་འགྱུར་གྱིས། མི་སྟོང་སོད་ཅིག་དང་། དེ་ནས་བྱང་བར་འགྱུར་རོ།། དེ་སྐད་ཅེས་རང་གི་སློབ་མ་བྲམ་ཟེའི།།
157b2 བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ལ་བསྒོ་བ་དང་། བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་དེ་རང་བཞིན་གྱིས་བླ་མ་ལ་གུས་པས་རང་གི་སློབ་དཔོན་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ
157b3 མཁན་པོ་བདག་ལ་འོས་པ་མ་ལགས་སོ།། ཡང་སློབ་དཔོན་གྱིས་སྨྲས་པ། ཇི་བདག་ཉིད་ངན་པ་ཁྱོད་མཐོ་རིས་སུ་འགྲོ་འམ། བྲམ་ཟེར་འགྱུར་བར་མི་འདོད་དམ། ཡང་སློབ་མས་སྨྲས་པ། ལེགས་སོ
157b4 ལེགས་སོ།། མཁན་པོ་དེ་ལྟར་བགྱིའོ་ཞེས་སྨྲས་ཏེ། མི་སྟོང་བསད་དོ་འོངས་ནས། རང་གི་སློབ་དཔོན་ལ་གུས་པར་སྨྲ་བ་བྱས་པ་དང་། སློབ་དཔོན་གྱིས་དེ་མཐོང་ནས། གཏུམ་པོ་འདི་ད་རུང་མ་ཤི་བ་ལྟ་ཞེས
157b5 ངོ་མཚར་དུ་གྱུར་ཏོ།། འོ་ན་ད་ནི་ཤི་བར་བྱའོ་སྙམ་ནས། དེ་སྐད་མ་ཟེར་བར་བསད་པ་རེ་རེའི་སོར་མོ་རྣམས་ལོང་ཤིག། མི་སྟོང་སོང་ལ་སོར་མོ་རྣམས་འཕྲེང་བར་བྱས་ཏེ་འོངས་དང་གདོད་བྲམ་ཟེར་འགྱུར་རོ་ཞེས
157b6 ཟེར་ནས་དེའི་ཕྱིར་སོར་མོའི་ཕྲེང་བ་ཞེས་བྱའོ།། ཡང་སོར་མོའི་ཕྲེང་བ་དེས་ལེགས་སོ་སྨྲས་ནས། མི་ཉིད་སྟོང་དུ་ཅིག་གི་མ་ཚང་པར་བསད་དོ།། དེའི་ཚེ་སོར་མོའི་ཕྲེང་བའི་མ་ཟས་ཀྱིས་མཆོག་དང་དངར་སྣ་བནི
157b7 ཐོགས་ནས། བདག་གི་བུ་འདི་ལྟར་གྱུར་པ་ལྟ་ཞིག་ན་ཉོན་མོངས་གྲུད་དོ་སྙམ་སྟེ་འོངས་པ་དང་། སོར་མོའི་ཕྲེང་བས་རང་གི་མ་འོངས་པ་མཐོང་ནས། བདག་གི་མ་མཐོ་རིས་སུ་འགྲོ་བར་བྱའོ་སྙམ་སྟེ། རལ
iiif viewer powered by OpenSeadragon
157a - 158a