e-texts navigator
Collection
Volume
Page
Wylie

155a1 ཐེག་པ་ཆེན་པོའི་མདོའི་གཏམ་རྒྱུས་པར་སྟོན་པར་འགྱུར་རོ།། བདུད་དང་ཕྱིར་རྒོལ་བ་བཅོམ་པའི་སེམས་ཅན་རྣམས་འབྱུང་བར་འགྱུར་རོ།། དག་ཅིང་བཟོད་པ་ཆེན་པོའི་རྙེད་པ་ཐོག
155a2 བ་དག་འབྱུང་བར་འགྱུར་རོ།། ས་གཞི་ཡང་ནོར་བུ་རིན་པོ་ཆེ་ཐམས་ཅད་ལས་གྲུབ་པར་འགྱུར་ཏེ། འཛམ་བུའི་ཆུ་བོའི་གསེར་གྱི་མེ་ཏོག་དང་། པདྨ་ཐམས་ཅད་ཀྱིས་སྤྲས་པར་འགྱུར་རོ།། དེ་བཞིན
155a3 གཤེགས་པ་དེ་ཡང་ཚེ་དཔག་ཏུ་མེད་པར་འགྱུར་རོ།། དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་ཚ་དེ་མེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེ་ནི་གྲོང་ཁྱེར་གཙང་མ་བསྲུང་ལྡན་དུ་བཞུགས་པར་འགྱུར་རོ།།
155a4 བཅོམ་ལྡན་འདས་དེའི་སྨོན་ལམ་གྱི་ཁྱད་པར་གྱིས་ན་མ་འོངས་པའི་སེམས་ཅན་གྱི་ཚོགས་མང་པོ་དག་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ་གྱིས། རང་གི་ལུས་ལས་ཤི་འཕོས་མ
155a5 ཐག་ཏུ། འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དེར་གྲོང་ཁྱེར་གཙང་མ་བསུང་ལྡན་དུ་སྐྱེ་བར་འགྱུར་ཞེས་ང་སྨྲའོ།། ངན་སོང་བཞི་ཡང་དེ་དག་གི་སྤྱོད་ཡུལ་གྱི་སར་མི་འགྱུར་རོ།། སྤྲིན་ཆེན་སྙིང་པོ་དེ་བས་ན་ང་ནི།།
155a6 བཅོམ་ལྡན་འདས་དེའི་འཇིག་རྟེན་གྱི་ཁམས་གཙང་མ་སྦྱོང་བ་དང་། བསྐལ་པ་གཙང་ཞིང་བདེན་པའི་མཚམས་ཤེས་བྱ་བ་དང་། དེ་བཞིན་གཤེགས་པ་གཙང་ཞིང་བདེན་པའི་མཚམས་འཕེལ་བར་མཛད
155a7 པ་ཞེས་བྱ་བའི་ཡོན་ཏན་གཟུང་བ་སྨྲའོ།། དེ་ནས་འཁོར་ཆེན་པོའི་ནང་ནས། ལྷ་དང་མིའི་ཚོགས་ཚད་མེད་པས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ཏེ། གར་བྱས། གླུ




iiif viewer powered by OpenSeadragon

154b - 155b

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo