| | e-texts navigator
|
13b1 དྲུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལར་གསུམ་བསྐོར་བ་བྱས་ནས། མེ་ཏོག་གི་ཟར་ས།
13b2 རཾ་རབ་ཙམ་དང་། སྤོས་དང་། མེ་ཏོག་གི་འཕྲེང་བ་དང་། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས། བདུག་པ་དག་གིས་ཡོངས་སུ་བདུགས་ཏེ། ཙན་དན་གྱི་ཕྱེ་མ་དག
13b3 གིས་ཡོངས་སུ་གཏོར་ནས། སིལ་སྨན་དག་བརྡུངས་ཏེ། གཞན་ཡང་ཤིང་རྟའི་ཕང་ལོ་ཙམ་གྱི་པདྨའི་སིལ་མ་དག་གིས་ཁེབས་པར་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ
13b4 སྦྱར་བ་བཏུད་དོ།། ཕྱོགས་གཅིག་ཏུ་འཁོད་ངོ་།། ཡང་ངོའི་ཚེ་ཚངས་པ་རིན་ཆེན་འཕྲེང་བ་ཞེས་བྱ་བ་དང་། ཚངས་པ་པོར་ཚུགས་འཆང་ཞེས་བྱ་ཚངས་པ་གཞོན་ནུ་འབུམ་ཕྲག་ས
13b5 མ་དང་ལྡན་ཅིག་ཏུ། རྫུ་འཕྲུལ་ཆེན་པོས་རྒྱལ་པོའི་ཁབ་དང་བཅས། བྱ་རྒོད་ཀྱི་ཕུང་པོ་པོ་དང་བཅས། འོད་མའི་ཚལ་བྱ་ཀ་ལནྡ་ཀ་གནས་པ་དང་བཅས་པ། ཐམས་ཅད་མཛེས་པ
13b6 བྱས་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།
13b7 ཁོར་ཡུག་ཁེབས་པ་ཙམ་གྱི་མེ་ཏོག་གི་སིལ་མ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ། སིལ་སྙན་རྣམས་བརྡུངས་ནས། ཙན་དན་གྱི་ཕྱེ་མ་དང་། ཟུག་པ་དག་གཏོར་ཏེ
iiif viewer powered by OpenSeadragon
13a - 14a