e-texts navigator
Collection
Volume
Page
Wylie

125b1 བཞིན་གཤེགས་པས་ཅི་ལས་དགོངས་ཏེ་དེ་སྤྱད་གསུངསབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྦྱིན་ཆེན་སྙིང་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཡོན
125b2 ཏན་བསྒྲུབ་པ་དེ་དག་ཐམས་ཅད་ཡོད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ།། སྤྲིན་ཆེན་སྙིང་པོ་དཔེར་ན
125b3 ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻ་དུ་མ་དང་། ནོར་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེ་བདག་ཉིད་ལ་ཡོད་བཞིན་དུ་བཻ་ཌཱུཪྻའི་ཕྱིར་འདོད་པའི་སེམས་དང་ཐེ་ཙོམ་སྐྱེད་པར་འགྱུར་རམ། གསོལ་བ
125b4 བཅོམ་ལྡན་འདུས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་ཡོད་བཞིན་དུ་མཚན་གྱི་ཕྱིར་འདོད་པའི་སེམས་བསྐྱེད་པ
125b5 དེ་ནི་གནས་མེད་དོ།། སྤྲིན་རྟེན་སྙིང་པོ་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་དང་ཡོན་ཏན་ཐམས་ཅད་དང་ལྡན་པར་རིག་པར་བྱའོ།། གསོལ་པ། བཅོམ
125b6 ལྡན་འདས་ཅི་བགྱི་བ་མཐར་ཕྱིན་པ་དང་ལྡན་པ་ལགས་པར་རིག་པར་བགྱི་འམ། བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་སྐད་མ་ཟེར་ཅིག། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་གི་ཚེ།།
125b7 སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་པ་ན། བྱ་བ་མཐར་ཕྱིན་པར་འགྱུར་ཏེ། དེའི་ཚེ་འདི་ལ་གནས་པའི་བྱང




iiif viewer powered by OpenSeadragon

125a - 126a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo