e-texts navigator
Collection
Volume
Page
Wylie

123a1 འམ་ང་ཞོ་འམ། མར་འམ། འབྲུ་མར་རམ་སྨན་ཅི་ཡང་རུང་བ་དག་དང་སྦྱར་བ་འམ། སྨན་ཐམས་ཅད་དང་བསྲེས་པའི་ལྡེ་གུའམ། བཏུང་བའམས
123a2 བསླབས་ནད་སེལ་བར་བྱེད་དོ།། དེ་བཞིན་དུ་ཏིང་ངེ་འཛིན་འདི་ཅན་པ་ཡང་དྲབའམ། རྒྱུད་དམ། ཚིགས་སུ་བཅད་པའམ། ཚིག་གས། ཚིག་གི་བྱེད་ང། མིང་ངམ། དེ་བཞིན
123a3 གཤེགས་པ་རྟག་གོ་ཞེས་བྱ་བའི་ཡིག་འབྲུ་གཉིས་ཀྱིས་རྟན་པ་ན། དེ་འདི་སྙམ་དུ་བདག་གིས་རྩ་བ་ལས་ཏིང་ངེ་འཛིར་བཟུང་ངོ་།། རྒྱུད་ལས་བཟུང་ངོ་།། ཚིགས་སུ་བཅད་པ་ལས་བཟུང་ངོ་།།
123a4 ཚིག་ལས་བཟུང་ངོ་།། ཚིག་བྱེད་ལས་བཟུང་ངོ་།། མིང་ལས་བཟུང་ངོ་།། དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བའི་ཡི་གེ་འབྲུ་གཉིས་ལས་བཟུང་ངོ་སྙམ་དུ་མི་སེམས་ཏེ། རྣམ་པར་རྟོག
123a5 པ་དེ་དག་མེད་དོ།། རྣམ་པར་མི་རྟོག་པ་མེད་དུ་ཟིན་ཀྱང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བ་སྙེན་དང་། དགེ་བ་སྙེན་མ་ལ་ས་གང་ཡང་རུང་བ་འམ་སྤྱོད་པ་པ་འམ། ཀུན་ཏུ
123a6 རྒྱུ་འམ། གཅེར་བུ་པ་ལ་སོགས་པ་འམ། ལུས་ཡོངས་སུ་མ་སྦྱངས་པ་འམ། ཤེས་རབ་ཡོངས་སུ་མ་སྦྱངས་པ་འམ། སེམས་ཡོངས་སུ་མ་སྦྱངས་པ་ཡང་རུང་སྟེ། འཕྱ་བ་འམ
123a7 སྤོང་བའི་ཕྱིར་རམ་རང་གི་ཁ་ནས་བྱུང་ངམ། གཞན་གྱི་གཡམ་ལ་བླང་བ་འམ། རྙེད་པ་དང་། བཀུར་བསྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། མཉན་ཏམ




iiif viewer powered by OpenSeadragon

122b - 123b

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo