| | e-texts navigator
|
122a1 ལྗང་ངེར་འཇུག་གོ།། སྤྲིན་ཆེན་སྙིང་པོ་དེ་བཞིན་དུ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་།
122a2 བརྟན་པ་དང་། ཞི་བ་དང་། བསྟན་པ་ནུས་པར་མི་འགྱུར་བའི་འོད་ཟེར་མཐའ་ཡས་པ་དང་ལྡན་པའི་ཉི་མ་རྟག་པ་ཤར་བ་ན། ལྡེམ་པོ་ངག་གི་ནམ་མཁའ་ལ་ཇི་སྙེད་ཡོད་པ་ཐམས་ཅད་ཟིལ་གྱིས།
122a3 མནན་ནས། ལྷམ་མེལྷ་ན་ནེ་ལྷང་ངེར་གསལ་བར་འགྱུར་རོ།། སྤྲིན་ཆེན་སྙིང་པོ་གཞན་ཡང་འདྲི་ན་མི་ལ་ལ་ཞིག། རླུང་གི་རྒྱལ་པོ་བཞིའི་མཐུ་ཅན་སྟོབས་དང་ལྡན་པ་ལྷའི་ལེ་བརྒྱ
122a4 ཐུབ་པ་ཞིག་བྱུང་ལ། མི་དེ་ཡང་ཉིན་པར་ལམ་དུ་ཞུགས་ཏེ་འཇིག་རྟེན་གྱི་ཁམས་དུ་མར་སོང་ནས་ཕྱིར་རང་གི་གནས་སུ་སྡོག་པར་བྱེད་ཅིང་ནུབ་མོ་ཡང་ལམ་དུ་ཞུགས་ནས། འཇིག་རྟེན་གྱི
122a5 ཁམས་དུ་མ་བསྐོར་ཏེ་ཕྱིར་རང་གི་གནས་སུ་ལོབ་པར་བྱེད་པ་དེ་ལྟ་བུར་ཉིན་མཚན་དུ་ལམ་དུ་ཞུགས་པས་ཇི་ཙམ་དུ་ཕྱིན་པ་དེ་སྙེད། རིན་པོ་ཆེ་སྣ་བདུན་གྱིས་རང་གི་ལུས་ཀྱི་འཕང་ཙམ་དུ་གང་བར་བྱས
122a6 ནས་སྦྱིན་པ་བྱིན་ཏེ། ཐབས་དེ་དག་ཇི་ལྟ་བུར་བར་ཆད་དང་། སྐྱོན་མ་བྱུང་བར་སྦྱིན་པ་བྱིན་ན། སྤྲིན་ཆེན་སྙིང་པོ་ཅི་གཞི་དེ་ལས་དེ་བསོད་ནམས་མང་དུ་བསྐྱེད་དམ་གསོལ་པ། བཅོམ་ལྡན་འདས
122a7 ཚད་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་དེ་ལྟ་བུའི་སྦྱིན་པ་དེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་འདི་ལས་དེ་བཞིན་གཤེགས
iiif viewer powered by OpenSeadragon
121b - 122b