| | e-texts navigator
|
111a1 བདུན་པའོ།། དེ་ནས་དེའི་ཚེ། ལྷོ་ཕྱོགས་ཀྱི་ཡུལ་འདབ་སྟང་ཟིལ་གྱི་རི་ལས་འོད་སྲུངས་ཆེན་པོ་དང་ཐབས་གཅིག་ཏུ་འོངས་པའི་ལྷའི་བུ་རྣམས་སྟང་གི།
111a2 བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་འཁོད་ནས། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མའི་རིམ་པ་རི་རབ་ཙམ་དག་གཏོར་ནས། མིག་མ་ཆི་མས་གང་སྟེ་ངུ་བཞིན་དུ་ཚིབ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན
111a3 འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན་དེ་བཞིན་གཤེགས་པས་གསུངས་པའི་མདོ་འདི་ལྟ་བུ་འདི་དག་འཆང་བར
111a4 བགྱིད་པའི་སེམས་ཅན་དེ་དག་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དགང་འདས་པའི་འོག་ཏུ་དགེ་བའི་རྩ་བ་བྱས་པ་རྣམས་དང་། སངས་རྒྱས་མང་པོ་ལ་བསྙེན
111a5 བཀུར་བྱས་པ་དེ་དག། མདོ་འདི་ལྟ་བུ་འདི་དག་འཆང་བར་འགྱུར་ཏེ། གཞན་དག་ལེ་ཡང་རྒྱས་པར་སྟོན་པར་འགྱུར་རོ།། སྤྲིན་ཆེན་པོའི་མདོ་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་ཏེ་རྣས་པར
111a6 ཡང་འགྱུར་རོ།། དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང་། རྒྱལ་པོ་འཁྲུག་པ་དང་། དམ་པའི་ཆོས་ནུབ་པར་འགྱུར་བ། མ་འོངས་པའི་དུས་དེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན
111a7 དང་། དགེ་བསྙེན་མ་ལུས་ཡོངས་སུམ་སྦྱངས་པ་དང་། ཚུལ་ཁྲིམས་ཡོངས་སུམ་སྦྱངས་པ་དང་། སེམས་ཡོངས་སུམ་སྦྱངས་པ་དང་། ཤེས་རབ་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབའ
iiif viewer powered by OpenSeadragon
110b - 111b