e-texts navigator
Collection
Volume
Page
Wylie

109b1 ལྔའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཞེས་བྱ་བས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས
109b2 ཚུལ་འདི་འདྲ་བའི་དེ་བཞིན་གཤེགས་པ་དེ་དག་དང་། ཚུལ་འདི་འདྲ་བའི་མདོ་རྣམས་དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་སུ་དག་འཆང་བར་འགྱུར། སེམས་ཅན་ཇི་ལྟ་བུ་དག་འཆང་བར་འགྱུར།།
109b3 སེམས་ཅན་ཇི་ལྟ་བུ་དག་གིས་ནི་ནུབ་པར་བགྱིད་པར་འགྱུར། དེ་ནས་སངས་རྒྱས་ཀྱི་མཐུས། རྗེ་དང་ལྡན་པ་འོད་སྲུངས་ཆེན་པོས། ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས
109b4 སོ། ད་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཡོངས་སུ་མྱ་ངན་ལས་འདས་པ་མེད་དེ། ཆོས་ཀྱང་ནུབ་པར་མི་འགྱུར་རོ།།
109b5 ནས་ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ས། གནས་བརྟན་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་འོད་སྲུངས་ཆེན་པོ།། སེམས་ཅན་སེམས་འཁྲུལ་པ་རྣམས་ལ་ཕན་གདགས
109b6 པའི་ཕྱིར་ཤོད་ཅིག། བཙུན་པ་འོད་སྲུངས་ཆེན་པོ་སེམས་ཅན་ཐེ་ཙོམ་དུ་གྱུར་པ་རྣམས་ལ་ཤེས་པའི་སྒྲོན་མ་འབར་བར་གྱིས་ཤིག་དང་། བཙུན་པ་འོད་སྲུངས་བདག་གིས་ཀྱང་མ་འོངས་པའི་དུས་ན་དེ་བཞིན
109b7 གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྒྱས་པར་བགྱིའོ།། དེ་སྐད་ཅེས་སྨྲས་ནས། གནས་བརྟན་འོད་སྲུངས་ཆེན་པོས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ




iiif viewer powered by OpenSeadragon

109a - 110a

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo