| | e-texts navigator
|
108b1 ཚངས་པར་སྤྱད་པ་སྤྱོད་པ་དང་། ཁ་དོར་བྱེད་པ་དང་། ལྷུང་བཟེད་དང་། ཆོས་གོས་ལ་བར་ཆད་བྱེད་པར་འགྱུར་བ་ནི་སྐབས་མ་ཡིན་ཞིང་གོ་སྐབས་མེད་ལ་དེ་ནི་གནས་མེད་དེ། ལས་ཀྱི་རྣམ་པར
108b2 སྨིན་པ་ནི་མ་གཏོགས་སོ།། སློབ་དཔོན་ལུང་སྟོན་པ་ཀོའུ་རི་ནྱ་གཞན་ཡང་དགེ་སློང་འམ། དགེ་སློང་མ་འམདགེ་བསྙེན་ནམ། དགེ་བསྙེན་མ་འམ་གང་ལ་ལས། གཞན་མུ་སྟེགས་ཅན་སྤྱོད་པ
108b3 པ་འམ། ཀུན་ཏུ་རྒྱུ་རྣམས་ལ་དཔྱ་བ་འམ། བསྟིང་བ་འམ། བགད་པ་འམ། གཞན་ཡང་འཐུན་པར་བྱ་བ་འམ། སྙད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང
108b4 སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ན་ཡང་ངན་སོང་ངན་འགྲོར་སྐྱེ་བ་དེ་ནི་གནས་མེད་དོ།།
108b5 བམ་པོ་བརྒྱད་པ། དེ་ནས་སློབ་དཔོར་ལུང་སྟོན་པ་ཀོའུ་དི་ནྱས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
108b6 ཏོ་རྔ་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་སྦེད་པ་ལེགས་པར་སྦེད་པ་ལགས་ན། ཐོས་ནས་མོས་པ་དང་། མོས་ནས་ལུང་འབོག་པ་དང་། རྗོད་པར་བགྱིད་པ་དང
108b7 འཆའ་བར་བགྱིད་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་གཏེར་སྙེད་པ་ལགས་སོ།། གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི།
iiif viewer powered by OpenSeadragon
108a - 109a