e-texts navigator
Collection
Volume
Page
Wylie

106a1 བརྩོན་འགྲུས་ཆེན་པོའི་ཀླུ་ལ་རྗེས་སྲ་ཡི་རང་བར་གྱིས་ཤིག། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ངའི་ཉན་ཐོས་ཀྱི་མཆོག། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང
106a2 ན་དགའ་བ་འདི་ཡིན་ནོ།། ལྷ་མོས་གསོལ་པ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། སྐྱེས་བུ་ཆེན་པོ་མིང་ཆེན་ལུང་བསྟན་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས
106a3 ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ལུང་བསྟན་པ་ཉོན་ལ། ཇི་སྲིད་མཚོའི་བར་དུ་བསྙེན་བཀུར་གྱིས་ཤིག་དང་། ཁྱོད་ཀྱིས་མིང་ཆན་ནི་གྱི་ཆོ་འཕྲུལ་དང་ཡོན་ཏན་ཆེན་པོ་མངོན་དུ་ཐོབ་པར་འགྱུར
106a4 རོ། ལྷ་མོ་མིང་ཆེན་ནི་སངས་རྒྱས་དང་འདྲའོ།། ལྷ་མོ་མིང་ཆེན་ནི་སངས་རྒྱས་ཀྱི་སྐུའི་ཕྱེད་དང་འདྲའོ།། ལྷ་མོས་གསོལ་པ། བཅོམ་ལྡན་འདས་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚེའི་བར་དུ་ཇི་ལྟར
106a5 བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་འདི་ནི་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཉན་ཐོས་ཡིན་ཏེ། ངའི་ཉན་ཐོས་ངའི་ལུས་ཀྱི་ཕྱེད་དང་འདྲ་བ། ངལ་བྱས་པ།
106a6 གཟོ་བ་སྟེ་ད་ལྟར་གྱི་འོད་སྲུངས་ཆེན་པོ་འདི་ཡིན་གྱིས། ལྷ་མོ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག། དེ་ནས་དེའི་ཚེ། འཁོར་ཆེན་པོའི་ནང་ནས་ལྷའི་བུ་དབྱུག་མཆོག་ཅེས
106a7 བྱ་བ་འཁོར་སྟོང་དང་ལྡན་པས། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སྭ་རྩེ་ཙམ་གྱིས་རྒྱ་མཚོ་ཀུན། བས་པར་གཏུག་ཏུ་རུས་ལགས་ཀྱི།




iiif viewer powered by OpenSeadragon

105b - 106b

Texts on this page

Ty027-001 - 'phags pa sprin chen po zhes bya ba theg pa chen po'i mdo