| | e-texts navigator
|
426b1 མཆེ་བ་དཀར་བ་དང་། མཉམ་པ་དང་ཤ་མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་གཙང་བ་དང་། སྤྱན་ཡངས་པ་དང་། སྤྱན་རིང་བ་དང་། རྫི་མ་སྐྲག་པ་དང་། སྤྱན་དཀར་ནན།
426b2 འབྱེས་ཤིང་ཨུཏྤ་ལའི་འདབ་མ་ཡང་པ་ལྟ་བུར་འདུག་པ་དང་། ཟང་ཆེ་ཞིང་རྒྱས་ལ་འཁྲེགས་པ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན
426b3 མ་སྡུམ་པ་དང་། སྙན་ཤལ་སྡུག་ཅིང་རིང་བ་དང་། སྤར་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བ་དབྱེས་འཇམ་པ་དང་། དབུ་ཤིན་ཏུ
426b4 རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྡུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མི་འཛིང་པ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། སངས་རྒྱས་བཅོམ་ལྡན་འདས
426b5 རྣམས་ཀྱི་ཕྱག་དང་ཞབས་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། ཧ་ལ་སོགས་པའི་མཚན་ཡོད་པ་ཡིན་ཏེ། འདི་དག་ནི་དཔེ་བྱད
426b6 བཟང་པོ་བརྒྱད་ཅུའོ།། དགེ་སློང་དག་ཁྱོད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ་དང་། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ།
426b7 ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ
iiif viewer powered by OpenSeadragon
426a - 427a