e-texts navigator
Collection
Volume
Page
Wylie

403b1 བནྡྷ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མདོ་སྡེ་འདི་སྙིང་རྗེ་ཆེན་པོ་ལ་འཇུག་པ་ཞེས་བྱ་བར་ཟུང་ཤིག། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྡོམ
403b2 པའི་ཏིང་ངེ་འཛིན་ཅེས་བྱ་བར་ཟུང་ཤིག། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདྲི་བདག་གིས་བཟུང་ལགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩམ
403b3 བ་དང་། ཟླ་འོད་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དེ་དག་དང་། གནས་གཙང
403b4 མའི་རིས་ཀྱི་ལྷའི་བུ་དུ་མ་དག་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
403b5 ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་ཇི་སྙེད་པ་རྫོགས་སོ།། ། རྒྱ་གར་གྱི་མབན་པོ་ཤཱི་ལེན་རྔ་བོ་དྷེ་དང་། ཞུ་ཆེན་གྱི་ལོ་ཙབ་བན་དྷ།
403b6 དྷ་ར་མ་ཧཱ་ཤཱི་ལས་བསྒྱུར་ཅིང་ནུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨནྟྲ་བི་ནི་ཤྩ
403b7 ཡ་ནཱ་མ་དྷརྨ་པརྱ་ཡ་བོད་སྐད་དུ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས




iiif viewer powered by OpenSeadragon

403a - 404a

Texts on this page

Ty025-003 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo
Ty025-004 - don rnam par nges pa zhes bya ba'i chos kyi rnam grangs