e-texts navigator
Collection
Volume
Page
Wylie

279a1 དག་གི་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱ་ཞིང་གལ་ཏེ་ས་ཆེན་པོ་འདི་མས་གང་བར་གྱུར་ན། མེ་དེ་ཡང་བསད་ལ། དེ་དག་ལ་རིན་པོ་ཆེ་དག་འབྱུང་བར་བྱ་བ
279a2 དང་སློང་བར་བྱེད་པ་རྣམས་ལ་ཅི་ནས་ཀྱང་སེམས་ཅན་གྱི་ཡི་མི་འཆད་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། བསྐལ།
279a3 པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་བ་དང་། དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བཟུང་བར་འགྱུར་བ་འདི་དག་ཐོབ་པར་བཏབ་བོ།། འོད་སྲུངས
279a4 ཆེན་པོ་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས། འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་འདས་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
279a5 རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ།། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེགས་པ་ལ་ཡང་དག་པར
279a6 ཞུགས་པ་གང་སུ་དག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ན་ཚེ་རབས
279a7 དྲན་པར་འགྱུར་རོ།། མངལ་ན་འདུག་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བ་དང་། མཉེས་པར




iiif viewer powered by OpenSeadragon

278b - 279b

Texts on this page

Ty024-015 - 'phags pa sangs rgyas kyi dbu rgyan zhes bya ba theg pa chen po'i mdo chos kyi rnam grangs chen po