| | e-texts navigator
|
275a1 ཆུབ་ཏུ་མངོན་པར་རྫོགས་པར་འཚངས་རྒྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ
275a2 ཐམས་ཅད་རྫོགས་པ་མཚན་དམ་པའི་ལུས་ཀྱི་སྐུ་ཅན་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། འོད་སྲུངས་ཆེན་པོ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས
275a3 པ་གང་སུ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད་རྫོགས་པ་མཚན་དམ་པའི་སྐུ་ཅན་དེ་དང་།
275a4 བྱང་ཆུབ་སེམས་དཔའི་ཉི་འོད་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ།། དགེ་བའི་ཆོས་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ཐོབ
275a5 པར་འགྱུར་རོ།། དེ་དག་ལ་ངན་སོང་གསུམ་པོ་དག་ཏུ་ལོག་པར་ལྟུང་བའི་འཇིགས་པ་ཡང་མེད་པར་རིག་པར་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཐོབ་པར་འགྱུར།
275a6 རོ། བསྐལ་པ་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ།། འོད་སྲུངས་ཆེན་པོས་ཤར
275a7 ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱ་བཞིའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ
iiif viewer powered by OpenSeadragon
274b - 275b