| | e-texts navigator
|
274b1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྤངས་པའི་དཔལ་དེ་དང་། བྱུང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པད་དེའི་མིང་འཛིན་པར་བྱེད་པ་དེ་དག་ནི་རྙིང་པར་བྱས།
274b2 པ་ན་ཚེ་རབས་དྲན་པར་འགྱུར་རོ།། པདྨ་དང་འདྲན་པར་འཇིག་རྟེན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་རྣམས་ཀྱིས་མི་གོས་པར་འགྱུར་རོ།། པདྨ་ཆུའི་ནང་ནས་བྱུང་བ་དང་འདྲ་བར་མངོན་པ
274b3 འཕགས་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། བསྐལ་པ་སུམ་བཅུར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ།། བླ་ན་མེད་པ
274b4 ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཐོབ་པར་ཡང་འགྱུར་རོ།། དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་ཡོངས་སུ་བཟུང་བར་འགྱུར་རོ།། འོད་སྲུངས་ཆེན་པོ་ཤར་ཕྱོགས
274b5 ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱ་གསུམ་གྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་རྡུལ་བྲལ་བསགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ
274b6 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ་ཆོས་ཀྱང་སྟོན་ཏོ།། འོད་སྲུངས་ཆེན་པོ
274b7 སངས་རྒྱས་ཀྱིས་ཞིང་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་འོད་ཅེས་བྱ་བ་ཡོད་དེ། དེ་ནས་དེ་བཞིན་གཤེགས་པ་དེ་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
iiif viewer powered by OpenSeadragon
274a - 275a