e-texts navigator
Collection
Volume
Page
Wylie

274a1 རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐེགས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་སུ་དག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
274a2 རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་མེད་རྣམ་པར་གནོན་པ་དེའི་མཚན་འཛིན་པར་བྱེད་པ་དེ་དག་ནི། སྲིང
274a3 པར་སྐྱེས་པ་ན་ཚེ་རབས་དྲན་པར་འགྱུར་རོ།། བསྐལ་པ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ།། དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡང་ཡོངས་སུ་བཟུང་བར
274a4 འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་ཐོབ་པར་ཡང་འགྱུར་རོ།། འོད་སྲུངས་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་ཆུ་བོ་གངྒཱ།
274a5 གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལེགས་མཛེས་ཞིང་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
274a6 པདྨ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ།། འོད་སྲུངས་ཆེན་པོ་སངས་རྒྱས་ཀྱི་ཞིང་དེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལགྲ་ན་པདྨ་ཞེས་བྱ་བ
274a7 ཡོད་དེ། དེ་ཡང་དེ་བཞིན་གཤེགས་པ་དེ་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ




iiif viewer powered by OpenSeadragon

273b - 274b

Texts on this page

Ty024-015 - 'phags pa sangs rgyas kyi dbu rgyan zhes bya ba theg pa chen po'i mdo chos kyi rnam grangs chen po