| | e-texts navigator
|
273b1 དས་མ་ལྡན་འདས་ཀྱས་ཚེ་དང་ལྡན་པ་འ་ཟུངས་ཆེན་པོ་ལ་དཀའ་སྩལ་པ། འོ་སྲུངས་རྟེན་པ་ལས་དང་བ་པའི་བྱང་ཆུབ་སེམས་དང་འནམས
273b2 ཡོངས་སུ་སྨིན་པར་བྱ་བའི་རྒྱུ་རབ་ཏུ་བསྟན་པར་བྱས། དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་དམ།
273b3 ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས
273b4 ཆུ་བོ་གདྷཱའི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཏིང་ངེ་འཛིན་གྱིས་བརྒྱན་པ་ཞེས་བྱ་བ་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
273b5 རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་སོ།། འོད་སྲུངས་ཆེན་པོ་སངས་རྒྱས་ཀྱི་ཞིང་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
273b6 རྡུལ་མེད་རྣམ་པར་གནོན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དེ་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།
273b7 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ཞེས་བྱ་བར་འཇིག་རྟེན་ཏུ་འབྱུང་བར་འགྱུར་རོ།། འོད་སྲུངས་ཆེན་པོ
iiif viewer powered by OpenSeadragon
273a - 274a