e-texts navigator
Collection
Volume
Page
Wylie

78a1 པར་བྱ། ཆོ་འཕྲུལ་ཆེན་པོའང་བལྟ་བར་བྱའོ་སྙམ་མོ།། དེ་ནས་སྒྱུ་མ་མཁན་བཟང་པོས་ང་རྒྱལ་དང་། རྒྱགས་པ་དང་། ཁེངས་པ་ངེས་པར་བཅོམ་ནས
78a2 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྣམ་པར་མཐོ་བ་ཙམ་པའི་བསམ་པ་ཆེན་པོས་དེ་བཞིན་གཤེགས་པ
78a3 འདིར་གཤེགས་སུ་གསོལ་བ་གང་ལགས་པའི་ནོངས་པ་འཆགས་སོ།། བཅོམ་ལྡན་འདས་གཞན་ཡང་ཞལ་ཟས་སྤྲུལ་པ་དང་། རིམ་གྲོ་བགྱིད་པ་སྤྲུལ་པ་དང་། སེང་གེའི་ཁྲི་སྤྲུལ་པ་དང་། འཁོར་གྱི་ཁྱམས
78a4 སྤྲུལ་པ་དེ་ལ་བདག་འདི་སྙམ་དུ་སེམས་ཅན་མཆོག་དེ་ལྟ་བུ་དེ་ལ་བསླུས་པར་གྱུར་ན་མི་རུང་གིས། བྱ་བ་འདི་མ་མཆིས་པར་བགྱི་སྙམ་སྟེ་ཤིན་ཏུ་སྤངས་ཀྱང་མ་མཆིས་པར་མ་བཏུབ།། སང་སྔགས་དང
78a5 རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་ཀྱང་མ་མཆིས་པར་བགྱི་རྔོ་མ་ཐོག་ནས། ཞལ་ཟས་དང་རིམ་གྲོ་བགྱིད་པ་དང་། སེང་གེའི་ཁྲི་དང་། འཁོར་གྱི་ཁྱམས་ཀྱི་བཀོད་པའང་དེ་ཁོ་ན་བཞིན་དུ་གདའའོ།།
78a6 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་པོ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོངས་སུ་སྦྱང་བའང
78a7 འདི་ལྟ་སྟེ། ལས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ནོ།། བཟང་པོ་དགེ་སློང་གི་དགེ་འདུན་འདི་འང་འདི་སྟེ། ཆོས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ཏེ། བཟང་པོ་ངའང་འདི་ལྟ་སྟེ། ཡེ་ཤེས་ཀྱི་སྒྱུ་བས་སྤྲུལ་པ་ཡིན་ནོ།།




iiif viewer powered by OpenSeadragon

77b - 78b

Texts on this page

Ty017-003 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo