e-texts navigator
Collection
Volume
Page
Wylie

77b1 འདས་ལ་བདུབས་ཚེད་ལ་བབ་བསྐུལ་བར་བྱེད་དེ། བཅོམ་ལྡན་འདས་གདུགས་ཚེད་ལགས་པའི་དུས་དང་ཚེང་ལ་བབ་ན། ད་གདུགས་ཚེད་ལ་བབ་པར་དགོངས་སུ་གསོལ་ཞེས་གསོལ་ཏོ།། དེ་ནས
77b2 བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐམས་མནབས་ཆོས་གོས་གསོལ། ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱི་དང་ལ་གཤེགས་ཏེ་རྒྱལ
77b3 པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་གཤེགས་ནས། སྒྱུ་མ་མཁན་བཟང་པོའི་འཁོར་གྱི་ཁྱམས་ག་ལ་བ་དེར་གཤེགས་ཏེ། གང་གི་ན་སྒྱུ་མ་མཁན་བཟང་པོའང་དེ་བཞིན་གཤེགས་པ་ནི་བདག་གིས་སྤྲུལ་པའི་བཀོད་པ་ན
77b4 བཞུགས་སོ་སྙམ་དུ་ཤེས། རྒྱལ་པོ་ཆེན་པོ་བཞིའང་དེ་བཞིན་གཤེགས་པ་ནི་བདག་ཅག་གིས་སྤྲུལ་པའི་བཀོད་པ་ན་བཞུགས་སོ་སྙམ་དུ་ཤེས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་དེ་བཞིན་གཤེགས་པ་ནི་བདག་གིས་སྤྲུས
77b5 པའི་བཀོད་པ་ན་བཞུགས་སོ་སྙམ་དུ་ཤེས་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ།། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དེ་ན་གཞན་མུ་སྟེགས་ཅན་དང་། སྤྱོད་པ་པ་དང་།
77b6 ཀུན་ཏུ་རྦྦ་དང་། བྲམ་ཟེ་དང་། ཁྱིམ་བདག་གང་དག་གིས་ཐོས་པ་དེ་དག་ནི་ངོ་མཚར་དུ་གྱུར་ནས། འཁོར་གྱི་ཁྱམས་དེར་སོང་སྟེ། དེ་རིང་དགེ་སྦྱོང་གོའུ་ཏ་མ་ལ་མཐོ་འཚམ་པ་བལྟ་བར་བྱའོ་སྙམ་མོ།། རྒྱལ་པོའི་ཁབ་ཀྱི
77b7 གྲོང་ཁྱེར་ཆེན་པོ་དེ་ན་དད་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་འཁོད་པ་དེ་དག་ནི་འཁོར་གྱི་དཀྱིལ་འཁོར་དེར་དོང་ནས།། དེ་རིང་དེ་བཞིན་གཤེགས་པ་ལ་བསམ་པའང་མཉན




iiif viewer powered by OpenSeadragon

77a - 78a

Texts on this page

Ty017-003 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo