e-texts navigator
Collection
Volume
Page
Wylie

77a1 དེ་ནས་སྒྱུ་མ་མཁན་བཟང་པོ་སྤྲུལ་པའི་བྱ་བ་དེ་དག་འདོར་བར་བྱེད། དེ་དག་མེད་པར་བྱེད་དོ།། གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས་ཅད་ཀྱིས་མེད་པར་བྱེད་ཅིང་མི
77a2 སྣང་བར་བྱ་བར་བརྒལ་ཀྱང་ཞལ་ཟས་དང་། རིམ་གྲོ་པ་དང་། འཁོར་གྱི་བྱམས་ཀྱི་བཀོད་པ་དང་། སེང་གེའི་ཁྲིའང་དེ་ཁོ་ན་བཞིན་དུ་སྣང་སྟེ། གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་ཐམས
77a3 ཅད་ཀྱིས་མེད་པར་བྱ་མ་ནུས་པ་དང་། དེ་ཤིན་ཏུ་ངོ་མཚར་དུ་གྱུར་ནས། འདི་སྙམ་དུ་སེམས་ཏེ། བདག་སྔོན་ཆད་ནི་འདོད་ནི་སྒྱུ་མ་སྟོན་པར་ཡང་བྱེད། འདོད་ན་སྒྱུ་མ་མེད་པར་ཡང་བྱེད་ན།།
77a4 ད་ནི་དེ་བཞིན་གཤེགས་པའི་ཆེད་དུ་གནས་ཀྱི་བཀོད་པ་བྱས་པ་མེད་པར་བྱེད་མ་ནུས་སོ་སྙམ་མོ།། ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྒྱུ་མ་མཁན་བཟང་པོའི་སེམ་ཀྱི་རྣམ
77a5 པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། སྒྱུ་མ་མཁན་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་པོ་ཇི་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཕྱིར་གནས་ཀྱི་བཀོད་པ་བྱས་པ་འདི་མེད
77a6 པར་བྱ་མ་ནུས་པ་དེ་བཞིན་དུ། བཟང་པོ་གང་དག་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད་པ་འགའ་ཙམ་ཐོབ་པ་དེ་དག་གི་སེམས་བསྐྱེད་པ་དེའང་མེད་པར་མི་འགྱུར་ཏེ། དེ་དག་གི་དེ་ནི་ཡོངས་སུ་མྱ་ངན་ལས
77a7 རདས་པའི་བར་གྱི་རྒྱུར་འགྱུར་རོ།། དེ་ནས་སྒྱུ་མ་མཁན་བཟང་པོ་དགའ་མགུ་ཡི་རངས་ཏེ་རབ་ཏུ་དབའ་ཞིང་ཡིད་བདེ་བར་གྱུར་ནས། དེ་ཉིད་ཀྱི་མཚན་མོ་འདས་པ་དང་བཅོམ་ལྡན




iiif viewer powered by OpenSeadragon

76b - 77b

Texts on this page

Ty017-003 - 'phags pa sgyu ma mkhan bzang po lung bstan pa zhes bya ba theg pa chen po'i mdo