| | e-texts navigator
|
75b1 བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པའི་ཆོ་འཕྲུལ་འདི་ཐོས་ནས་མོས་པར་བགྱིད་ཅིང་། མོས་པར་བགྱིས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱིད
75b2 བདེ་དག་ཀྱང་རྙེང་པ་ལེགས་པར་རྙེད་པ་ལགས་སོ།། དེ་ནས་སྒྱུམ་མཁན་བཟང་པོ་རྒྱལ་པོལ་བབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ། དེ་ཉིད་ཀྱི་ནུབ་མོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་མིས
75b3 གང་བའི་ཕྱོགས་གང་ན་གྲོང་ཁྱེར་ཐམས་ཅད་ཀྱི་བཅོག་དགུ་དང་མི་མཐུན་པ་ཐམས་ཅད་འབབ་པ་དང་འབྱུང་བའི་ས་ཕྱོགས་དེར་འཁོར་གྱི་ཁྱམས་ཆེན་པོ་ད་གྱི་ལྔ་ལྡི་དང་། གདུགས་དང་། རྒྱལ
75b4 མཚན་དང་བ་དན་བསྒྲེང་བས་བརྒྱན་པ། གཞི་ལག་མཐིལ་ལྟར་མཉམ་པ་མེ་ཏོག་བཀྲམ་པ། སྤོས་བཟང་པོ་མཆོག་གིས་བདུགས་པ། སྟེང་དུ་བླ་རེ་བྲེས་པ་ཞིག་མངོན་པར་སྤྲུལ་ཏོ།།
75b5 འཁོར་གྱི་ཁྱམས་དེའི་ནང་དུའང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་པ་བརྒྱ་སྟོང་མངོན་པར་སྤྲུལ་ཏོ།། རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་དུ་འདི་སེང་གེའི་ཁྲི་རས་བཅོས
75b6 བུ་དུ་མས་གཡོགས་པ། རིན་པོ་ཆེའི་བ་དན་ཐམས་ཅད་ཀྱིས་བརྒྱན་པ་མངོན་པར་སྤྲུལ་ཏོ།། སེང་གེའི་ཁྲིའི་གཡས་གཡོན་དུ་རང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་བཅས་པ
75b7 བཞི་བཞི་མངོན་པར་སྤྲུལ་ཏོ།། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་ལོངས་སྤྱད་པར་བྱ་བའི་ཞལ་ཟས་རོ་བརྒྱ་དང་ལྡན་པའང་མངོན་པར་སྤྲུལ་ཏོ།། རིམ་གྲོ་བྱེད་པ་གོས
iiif viewer powered by OpenSeadragon
75a - 76a