| | e-texts navigator
|
75a1 བསྐལ་པ་ལས་ལྷག་པར་ཆོས་བསྟན་ཀྱང་དེ་བཞིན་གཤེགས་པས་རླུང་གི་དཀྱིལ་འཁོར་ལས་བརྩམས་ཏེ་ཆོས་བསྟན་པ་ལས་མཐའ་ཐུག་པ་མེད་དོ།། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམ།
75a2 སྒྱུ་མ་མཁན་བཟང་པོས་རླུང་གི་དཀྱིལ་འཁོར་དེ་དག་གི་ནང་དུ་འདུག་པར་ནུས་སམ། གསོལ་པ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མོའུ་འགལ་གྱི་བུ་ང་ནི་རླུང་གི་དཀྱིལ་འཁོར་དེ
75a3 ངག་ཐམས་ཅད་ཀྱི་ནང་དུ་སྤྱོད་ལ་མ་བཞིས་གནས་པར་བྱེད་དོ།། དེ་བཞིན་གཤེགས་པ་ནི་བཞེད་ན་རླུང་གི་དཀྱིལ་འཁོར་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་འཇོག་པར་མཛད་འཇུག་པར་མཛད་ལ།
75a4 ཡུངས་འབྲུ་དེའང་རྣམ་པར་འཇིག་པར་མི་འགྱུར་ཞིང་། ཡུངས་འབྲུ་དེའི་ནང་དུ་རླུང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ཀྱང་ཉེ་བར་སྟོན་པར་མཛད་ལ་རླུང་དེ་དག་ཕན་ཚུན་ཐུག་པར
75a5 ཡང་མི་འགྱུར། ལྟུང་བར་ཡང་མི་འགྱུར་རོ།། མོའུ་འགལ་གྱི་བུ་ང་ནི་སྒྱུ་མའི་ཆོས་ཉིད་དེ་ལྟ་བུ་དང་། དེ་མ་ཡིན་པ་གཞན་ཡང་ཚད་མེད་པ་དང་ལྡན་ནོ།། དེ་ནས་ཚེ་དང་ལྡན་པ
75a6 མོའུ་འགལ་གྱི་བུ་ཆེནི་པོ་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ངག་མཐུན་པར་ཚིག་ཏུ་སྨྲས་པ་བཅོམ་ལྡན
75a7 འདས་བདག་ཅག་གིས་རྙེད་པ་ལེགས་པ་རྙེད་དེ་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་དབང་ཆེ་བར་གྲགས་པ་འདི་ལྟར་མཐུ་ཆེ་བ་ནི་བདག་ཅག་གིས་ལེགས་པར་རྙེད་ལེགས་སོ།།
iiif viewer powered by OpenSeadragon
74b - 75b