| | e-texts navigator
|
71b1 དེ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་དང་ལྡན་པ་སྟེ། ཐམས་ཅད་ནི་མཁྱེན། ཐམས་ཅད་ནི་གཟིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནི་ལྡན།། དེ་བཞིན་གཤེགས་པའི་མི་འཛིན
71b2 བ་བཞི་དང་ནི་ལྡན།། སོ་སོ་ཡང་དག་པར་རིག་བཞི་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རང་ནི་ལྡན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ནི་ལྡན། སངས་རྒྱས་ཀྱི་སྤྱན་ཉམས་པ་མི་མ
71b3 བ་དང་ནི་ལྡན། སྤྱན་ལྔ་དང་ནི་ལྡན། ཆོ་འཕྲུལ་ཡང་བརྙེ་ས་ཏེ། ཀུན་རྗོད་པའི་ཆོ་འཕྲུལ་ནི་བརྙེས། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་བརྙེས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་བརྙེས་སོ།། བཞེད་ན་སྟོང་གསུམ
71b4 གྱི་སྟོང་ཆེན་པོའི་འཇིག་ཅན་གྱི་ཁམས་གྲོང་ཁྱེར་དང་བཅས་པ། ཟོང་རྡལ་དང་བཅས་པ། ས་དང་བཅས་པ། འགྲོ་བ་དང་བཅས་པ། རི་རབ་དང་བཅས་པ། རྒྱ་མཚོའི་མཐས་གཏུགས་པ་ལྔའི
71b5 གནས་དང་བཅས་པ། ཁོར་ཡུག་དང་འོབས་སུ་བཅས་པ།། རྩཝ་དང་། ཤིང་དང་། རིར་བཅས་པ་འདི་ནམ་མཁའ་ལ་བསྐལ་པའམ།། བསྐལ་པ་བས་ལྷག་པར་སྐྲའི་རྩེ་མེའི་ཆ་ཤས་ཀྱིས་འཛིན་པར་མཛད
71b6 ཡང་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་སྒྱུ་མ་མཁན་བཟང་པོ་ཞེས་བྱ་བ་བསྟན་བཅོས་ལ་ཤིན་ཏུ་མཁས་པ། གསང་སྔགལ་ཤིན་ཏུ་མཁས་པ། བཟོ་དང་རིག་པ
71b7 ལ་འབྱམས་པ། ལས་ཀྱི་མཐའ་བྱས་ཟིན་པ།། རབ་ཏུ་བྱེད་པ་བྱས་པ། སྒྲ་གྲགས་པ། ཡུལ་མ་ཀ་དྷ་ན་སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་ཇི་སྙེད་པ་དེ་དག་གི་མཆོག་ཏུ་གག་པ།
iiif viewer powered by OpenSeadragon
71a - 72a