| | e-texts navigator
|
70b1 རྒྱ་གར་སད་དུ། བྷ་དྲ་མཱ་ཡ་ཀར་བཱ་ཀཱ་ར་ཎན་མ་མ་ཧཱ་ཡཱན་སཱུ་ཏྲ། བོང་སྐད་དུ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་གཅིག།
70b2 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རིལ་དགེ་སློང་སྟོ
70b3 ཉིས་བཅཝ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་གྲགས་པ།། མངོན་པར་ཤེས་པ་ཐོབ་པ། གཟུངས་ཐོབ་པ། རྫུ་འཕྲུལ་གྱི་ཆོ་འཕྲུ་ཐོབ་པ།། མི་ཙྪ
70b4 བའི་ཆོས་ལ་བཟོད་པ་ཐོབ་པ་ལྔ་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ
70b5 སེམས་དཔའ་ཆེན་པོ་ཙན་དན་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ལོ་སྐུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ལོ་སྒྱུར་བ་ཆེན་པོ་དང་། བྱང་ཆུབ་སེམས
70b6 དཔའ་སེམས་དཔའ་ཆེན་པོ་འོད་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བྱེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་གཟི་བརྗིད་དང་ལྡན་ཞིང་ང་རོ་སྙན་པ་དང་། བྱང་ཆུབ
70b7 སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གསལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་སྙིང་པོ་དང་། བྱང་ཆུབ་སེམས
iiif viewer powered by OpenSeadragon
70a - 71a