| | e-texts navigator
|
48a1 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཁྱིམ་བདག་དྲག་ཤུལ་ཅན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཀྱང
48a2 མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ
48a3 གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ། འདུས་པ་བཅུ་དགུ་པ་རྫོགས་སོ།། ། ཤླཽ་ཀ་དགུ་བརྒྱ་བམ་པོ་གསུམ་མོ།། རྒྱ་གར་གྱི
48a4 མཁན་པོ་སུ་རེན་དྲ་བོ་དྷོ་དང་། ཞུ་ཆེན་གྱི་ལོ་ཙ་བ་ཞར་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།
48a5 བོད་སྐད་དུ། གློག་ཐོབ་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
48a6 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁར་བྱ་རྒོད་ཕུང་པོའི་རྀ་ལ་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཡོན་ཏན་ཁྱད་པར་དུ་འཕགས་པ་ཕུར་སུམ
48a7 ཚེགས་ཤིང་སེང་གེའི་སྒྲ་སྒྲོགས་པ་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། སྤོངས་པ་ཐོག
iiif viewer powered by OpenSeadragon
47b - 48b