e-texts navigator
Collection
Volume
Page
Wylie

47b1 ཀུན་དབར་བོ་བྱང་ཆུབ་སེམས་དཔའ་བང་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་ལས་སོ་སོར་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་བརྗོད་པ་དེ་བཱནིར་དུང་སྟར་བྱུང
47b2 སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཇི་སྲིད་འཚེའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེར་བཀུར་བྱེད་ཅིང་། གང་མ་འོངས་པའི་སངས་རྒྱས་བཅོག
47b3 ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང་སློབ་པར་ཁས་བླངས་ཏེ་བསྙེན་བཀུར་བྱས་སུ་ཟིན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་མི་འཛིན་མི་ཆུང་། མེ་ཀློག
47b4 ཀུན་ཆུབ་པར་མི་བྱེད། འཇུག་པར་མི་བྱེད་ཅིང་། བསྒྲུབ་པ་འདི་ལའང་མི་གནས་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ
47b5 རྣམས་ལ་མཆོད་པ་བྱས་པར་མི་འགྱུར་རོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཀུན་ཆུབ་པར་བྱེད་ལ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང
47b6 སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་བསྒྲུབ་པ་འདི་ལའང་གནས་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ངེས་འདས་བདག
47b7 མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ།། གུས་པ་དང་བཅས་པས་བསྙེན་བཀུར་བྱས་པར་ཡང་འགྱུར་རོ།། རྒྱབཅོམ




iiif viewer powered by OpenSeadragon

47a - 48a

Texts on this page

Ty017-001 - 'phags pa khyim bdag drag shul can gyis zhus pa zhes bya ba theg pa chen po'i mdo