| | e-texts navigator
|
45b1 ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་བ་དོག་སྣ་ཚེགས་བྱུང་བ་འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བནར་དང་གཤེལ།
45b2 དང་དངུལ་གྱི་ཁ་དོག་ལྟ་བུ་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཀྱི་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། སླར་ལོག་ནས་བཅོམ
45b3 ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། སངས་རྒྱས་ཀྱི་མཐུས་སྟན་ལས་ལངས
45b4 ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ནས་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས
45b5 གསོལ་ཏོ།། བཅོམ་ལྡན་འདས་རྒྱུ་མ་མཆིས་རྐྱེར་མ་མཆིས་པར་ནི་དེ་བཞིན་གཤེགས་པ་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས།། དེ་སྐད་ཅེས་གསོལ
45b6 བུ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་འདིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཀྱི
45b7 ཆོས་བསྒྲུབ་པའི་ཕྱིར་སེང་གེའི་སྒྲ་བསྒྲགས་པ་མཐོང་ངམ་གསོལ་བ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱི
iiif viewer powered by OpenSeadragon
45a - 46a