| | e-texts navigator
|
43a1 སེམས་དཔའ་རབ་ཏུ་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་ཐོས་ན་དེ་ལ་སློབ་སྟེག་བཞི་པོ་འདི་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།། བཞི་གང་ཞེ་ན། འཕགས་པའི་རིགས
43a2 རྣམས་ལ་གནས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྲུསྙུངས་པ་ལ་མངོན་པར་དགའ་བ་དང་། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་མ་འདྲེ་བ་དང་། ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་པ་སྟེ།
43a3 བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།། ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེགབཞི་གང་ཞེ་ན། ལུས་བསྡམས་པས་ལུས་མི་དམིགས་པ་དང་། ངག
43a4 བསྡམས་པས་དག་མི་དམིགས་པ་དང་། ཡིད་བསྡངས་པས་ཡིད་མི་དམིགས་པ་དང་། ལྟ་བ་དང་བྲལ་ངས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།།
43a5 ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། ངར་འཛིན་པ་སྤངས་པ་དང་ག་ང་ཡིར་འཛིན་པ་དོར་བ་དང་། ཆད་པ་དང་རྟག་པ་དང་བྲལ་བ་དང་། རྟེན་པའི་ཚེས་ལ
43a6 འཇུག་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ།། ཁྱིམ་བདག་གད་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། ཕུང་པོ་རྣམས་ལ་འབྱུང་བ་དང་འཇིག་པར་རྫོ
43a7 དང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་འཇལ་བ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། ཐ་སྐད་བཅགས་པ་རྣམས་ལ་མངོན་པར་མཞེན་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས
iiif viewer powered by OpenSeadragon
42b - 43b