| | e-texts navigator
|
42b1 པར་བྱའོ།། མིང་དང་། ཚིག་དང་། ཡི་གེ་ཇི་སྙེད་ཀྱིས་ཚིགས་སུ་བཅད་པ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ
42b2 རང་བ་སྙེན་བཀུར་བྱས་ཀྱང་། ཁྱིམ་བདག་བདུང་དུ་སློབ་དཔོན་ལ་སློབ་དཔོན་དུ་གུས་པར་བྱ་བ་རྫོགས་པ་མ་ཡིན་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྤོས་ཁྱིམ་བདག་དད་པས་མཉན་ཅིང་བསྒོམ་པ་དང་ཁ་ཏོན་ལ
42b3 འཇུག་པ་དོ་སེམས་དང་སེམས་ལས་བྱུང་བ་དགེ་བ་དང་ལྡན་པ་འམ། སངས་རྒྱས་དང་ལྡན་པའམ། ཆོས་དང་ལྡན་པ་འམ། དགེ་འདུན་དང་ལྡན་པ་འམ། ཀྱོ་ཞིང་འདོད་ཆགས་དང་བྲལ་བ་དང་ལྡན་པ
42b4 བླང་བ་དང་། དུལ་བ་དང་། ཞི་བ་དང་ལྡན་པའི་འཇུག་པ་ཇི་སྙེད་པ་གལ་ཏེ་དེ་སྙེད་ཀྱི་བསྐལ་པར་སློབ་དཔོན་ལ་བསྙེན་བཀུར་བྱས་སུ་ཟིན་ཀྱང་། ཁྱིམ་བདག་ད་དུང་སློབ་དཔོན་དུ་རི་མོ་བྱ་བ་རྫོགས་པ་མ་ཡིན་ནོ།།
42b5 ཁྱིམ་བདག་རྣམ་གྲངས་འདིས་ཀྱང་ཇི་ལྟར་རྣམ་པར་སྨིན་པའི་ཆོས་ཚད་མེད་ཅིང་ཡེ་ཤེས་ཁོང་དུ་ཆུད་པ་ཚད་མེད་པ་དེ་ལྟར་རིག་པར་བྱའོ།། ཁྱིམ་བདག་དེ་ལྟ་བས་ན་རྣམ་པར་སྨིན་པའི་ཆོས་ཚད་མེད་པ་དང་།
42b6 ཡེ་ཤེས་ཁོང་དུ་ཆུད་པ་ཚད་མེད་པ་དྲིས་པས།། བདག་གི་སློབ་དཔོན་ཡང་ཚད་མེད་དོ་སྙམ་ནས། བྱང་ཆུབ་སེམས་དཔའ་ཆོས་ལ་རི་མོ་ཚད་མེད་པར་བྱའོ།། ཁྱིམ་བདག་གཞན་ཡང་བྱང་ཆུ
42b7 སེམས་དཔའ་རབ་ཏུ་བྱུང་བས་རབ་ཏུ་བྱུང་བའི་བསྒྲུབ་པ་ལ་གནས་པར་བྱའོ།། ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རབ་ཏུ་བྱུང་བའི་བསྒྲུབ་པ་ལ་གནས་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ
iiif viewer powered by OpenSeadragon
42a - 43a