| | e-texts navigator
|
41b1 ཟོང་དང་ཁྲོང་བྱེད་དང་ཟོང་འདང་ལྗོངས་ད་ཡུལ་འཁོར་དང་། ཕོཟང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ།། ཁྱིམ་འང་ཟང་ཆུབ་སེམས་དཔར་རབ་ཏུ་བྱུང་བཆོས་བདི་བ་དེ་དག་དང་ལྡདང། གོད་པ
41b2 ལ་གནས་པར་གནང་ངོ་།། ཁྱིམ་བདག་ཕལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་མདོད་པའི་ཕྱིར་ཚོགས་ཀྱི་ནང་དུ་འཇུག་ན། དེས་དེར་བུས་པ་དང་བཅས་པར་བྱ་སྟེ།
41b3 སློབ་དཔོན་དང་། མཁན་པོ་རྣམས་དང་། གནས་བརྟན་དང་། བར་མ་དང་། དགེ་སློང་གསར་བུ་རྣམས་ལ་ཞེས་དང་བཅས་པར་བྱ། ཚུལ་མཁས་པར་བྱའོ།། སྐོམ་ལས་མེད་པར་རང་གིས་པ
41b4 བདང་། གཞན་ལ་གདུང་བ་མེད་པར་བྱའོ།། ངེས་བསྙེན་བཀུར་ལ་གདུང་བར་མི་བྱའོ།། དེས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེ་དང་།
41b5 བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པས་མཆོད་པ། སྦྱིན་གནས་སུ་གྱུར་པ་དེའང་སེམས་ཅན་ཐམ
41b6 ཅད་ལ་གང་ལས་ཀྱང་རིམ་གྲོར་བྱ་བ་བདག་གིར་མི་མཛད་ན། བདག་ཅག་མ་བསྲབས་པ་སློབ་འདོད་པ་རྣམས་ལྔ་ཅི་སྨོས་ཏེ། བདག་གིས་ནི་སེམས་ཅན་ཐམས་ཅད་ལ་བསྟན་བཀུར་བྱའི།། གང་པས
41b7 ཀྱང་བརྗེར་བཀུར་བྱ་བ་བདག་གིར་ནི་མི་བྱའོ་སྙམ་དུ་བརྟག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དགེ་སློང་བསྙེན་བཀུར་ལ་གདུབ་ནི་ཡོན་ཏན་གྱི་ཆོས་རྗེས་སུ་བཟུང་བ་ཆུང་བསོར་པ་ཡིན་ཏེ
iiif viewer powered by OpenSeadragon
41a - 42a