| | e-texts navigator
|
99a1 ལ་བསོད་སྙོམས་ཕུལ་ཏེ། སྨོན་ལམ་བཏབ་པ་ཞེས་བྱ་བ་ནས་ཀ་འི་ཚེ་གཟུགས་ཀྱིས་འཚོམ་གང་ཡིན་པ་དེ་ནི་བཟང་མོ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་སེར་སྐྱའི་བུ་མོ
99a2 འདི་ཉིད་དེར་གྱུར་ཏོ་ཞེས་བྱ་བ་དང་། དགའ་འདུན་པ་ལྔ་བརྒྱ་གང་ཡིན་པ་དེ་ནི། གཅེར་བུ་པ་ལྔ་བརྒྱ་འདི་ཡིན་ཏེ་ཞེས་བྱ་བའི་བར་དང་ཀལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར།
99a3 བ་ཡིན་ལ། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནུས། ཐེ་ཚོམ
99a4 ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནས། དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས་སུན་བྱུང་བར་གྱུར་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་བྱུང་བ
99a5 འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལེ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཞེས་བྱ་བ་བྱུང་སྟེ། ཝཱ་རཱ་ཎཱ་སིན་དྲང་སྲོང་སྦུ་བ་རི་དགས་ཀྱི་ནགས་ན
99a6 བཞུགས་སོ།། དེའི་ཚེ་དེའི་དུས་ན་གྲོང་ཁྱེར་ཝཱ་རཱ་ཎཱ་སི་ན་ཚོང་དཔོན་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་ཅེས་བྱ་བ་ནས། བུ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དང་བདག་ཤི་ནས་རྒྱལ་པོའི་ཕོ་བྲང་དུ་བསྡུས་པར
99a7 འགྱུར་རོ་སྙམ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་སྦས་པ་ཀ་རྗེའི་སྲས་འདི་ལྟར་ཐུགས་མི་དགྱེས་པར་མ་བཞུགས་ཤིག་ཅེས་བྱ་བ་ནས།། ཆུང་མ་གཉིས་བླངས་ན་བདེ་བ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི།
iiif viewer powered by OpenSeadragon
98b - 99b