e-texts navigator
Collection
Volume
Page
Wylie

98a1 དེའི་ཚེ་གྱེས་མོས་ཚལ་མཚེའུ་དང་མེ་ཏོག་མང་བ་ཀ་ཤིང་གིས་ཡོངས་སུ་བསྐོར་བས་གཏིབས་པ་ཀ་མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱིས་སྔོན་ཤིང་མཆོག་ཏུ་མཛེས་པ་དང
98a2 ལྡན་པ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་ན་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནས། རང་སངས་རྒྱས་ནད་པ་ཞིག་ཅེས
98a3 བྱ་བའི་བར་ནས། སྨན་པའི་གན་དུ་སོང་སྟེ་ཞེས་བྱ་བའི་བར་ཏེ། སྨན་པས་སྨྲས་པ་ཀ་གྲོང་དུ་བཞུད་ཅིག་ཅེས་བྱ་བ་ནས། ཚོང་དཔོན་གྱི་སྐྱེ་མོས་ཚལ་དུ་འདུག་གོ་ཞེས་བྱ་བའི་བར་དུའོ།།
98a4 རེ་ཞིག་ན་ཚོང་དཔོན་གྱིས་མཐོང་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ་ཞེས་བྱ་བ་ནས། ནད་སོས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བ་ནས
98a5 སྐུ་གདུང་གི་མཆོད་རྟེན་བྱས་སོ་ཞེས་བྱ་བའི་བར་དུའོ།། རེ་ཞིག་ན་ཚོང་དཔོན་གྱིས་མཆོད་རྟེན་སྐྱ་བོར་མཐོང་སྟེ་ཞེས་བྱ་བ་ནས། ཆུང་མ་ལ་སྤྲས་པ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་ཡུང་གིས
98a6 བྱུགས་ནས་མེ་ཏོག་བཀྲམ་སྟེ་སྨོན་ལམ་བཏབ་པ། ཀྱེ་མའོ་ཨ་ལ་ལ་འཕགས་པ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིས་པ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན
98a7 བརྩིགས་ཏེ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག། འདིས་ཇི་ལྟ་བུའི་ཆོས་རྙེད་པ་དེ་ལྟ




iiif viewer powered by OpenSeadragon

97b - 98b

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa