e-texts navigator
Collection
Volume
Page
Wylie

96b1 པས་སྨྲས་པ། ཇི་ལྟར་སྒྲ་དང་ཨག་ཙོམ་དག། བྲེགས་ཤིང་ཕྱིར་ཡང་སྐར་སྡེ་བ།། དེ་ལྟར་ཁྱོད་ཀྱིས་སྣ་སྐྱེས་ཤིག། མེ་ཏོག་སྡོང་གིས་སྩལ་བར་མཛོད།། ལྦུ་བས་སྦས་པ། མི་གང་པདྨ་སྟོང་བྱེད་པ།
96b2 དེ་ཀུན་ཁྱོད་ལ་བཀྱིལ་བ་ཟེར།། པདྨ་བྱིན་རུང་མ་བྱིན་རུང་།། ཁྱོད་ཀྱི་སྣ་ནི་སྐྱེས་མི་འགྱུར།། མི་ངས་འདི་སྙམ་དུ་མི་བཞི་པོས་ནི་བདག་ལ་གྱིས་ན་ཞིག་སྦས་ཀྱི། མི་ལྔ་པས་ནི་ཇི་ལྟ་བ་བཞིན་དུ་རྙིང་ནས་སྨྲས
96b3 ཀྱིས། བདག་གིས་དེ་ལ་པདྨ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། དེས་དེ་ལ་པདྨ་ཇི་སྙེད་དགོས་པ་བྱིན་པ་དང་། དེ་དགའ་བ་དང་། མགུ་བ་དང་། རངས་པའི་བསམ་པས། པདྨ་བླངས་ཏེ། དེ་བུད་མེད།
96b4 གང་ན་བར་སོང་ནས། དགའ་བ་ཉམས་སུ་མྱོང་བར་བྱས་སོ།། དེ་ནས་དེ་གཉིས་ཀྱིས་འདི་སྙམ་དུ། བདག་ཅག་འདོད་པའི་རྒྱུས། ཀུན་ནས་ཉོན་མོངས་པར་གྱུར་པ་གང་ཡིན་པ་ལ་ལྟོས། འདོད་ཆགས།
96b5 ཀྱི་སྡུག་བསྔལ་མི་བྱུང་བར་ཇི་ལྟར་བྱ་སྙམ་དུ་བསམས་སོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། རང་སངས་རྒྱས་འཇིག་རྟེན་དུ་བྱུང་བས། དེ་དང་ཧ་ཅང་མི་རིང་བ་ཞིག
96b6 ན། རང་སངས་རྒྱས་ཀྱི་མཆོད་རྟེན་ཞིག་ཡོད་པ་དེ་ལགཔདྨ་དེ་དག་ཕུལ་ནས་སྨོན་ལམ་བཏབ་པ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས།། གང་དང་གང་དུ་སྐྱེས་པའི་ཚེ།
96b7 རབས་དེ་དང་དེར། ཉོན་མོངས་པ་ཆུང་བར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་པདྨ་ལེན་པའི་མི་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ན་བུད་མེད་གང་ཡིན་པ་དེ་ནི་སེར་སྐྱའི་བུ




iiif viewer powered by OpenSeadragon

96a - 97a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa