| | e-texts navigator
|
96a1 བཀྲོལ་བ་དང་། དེ་མི་མངོན་པར་ཤིང་དེ་གང་ན་བ་དེར་སོང་བ་དང་། དེ་དག་གིས་མཐོང་ནས་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་ངེད་ཅག་བསྡུས། དེས་ཇི་ལྟར་གྱུར་པའི་ལོ
96a2 རྒྱུད་རྣམས། དེ་དག་ལ་སྨྲས་སོ།། དེ་ནས་དེ་དག་གིས་སྨྲས་པ། ཁྱོད་མིག་སྔར་འོངས་སོ།། དེས་འདི་སྙམ་དུ་བདག་སྐྱེས་པ་ལྔ་དང་། འདི་ལྟར་ཁྱིའི་ཆོས་བྱ་བར་ག་ལ་ནུས་སྙམ་དུ་བསམས་ནས། དེས་དེ
96a3 དག་ལ་སྦས་པ། ཁྱེད་ཅག་ལས་གང་ཞིག་མེ་ཏོག་མཛེས་པ་ཐམས་ཅད་ཁྱེར་ཏེ་འོང་བ་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བྱའོ།། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་ཡང་། རྒྱལ་པོའི་པདྨ་རྣམས
96a4 སྲུང་ཞིང་ར་མ་བྱེད་པ། རྣ་བ་དང་སྣ་བཅད་པ་ཞིག་ར་མ་བྱེད་དོ།། དེ་དག་དེར་སོང་ནས་འདི་སྙམ་དུ་ཟོང་དག་ཁྱེར་ཏེ་མ་འོངས་མོད་ཀྱི་ཀ་འོན་ཀྱང་མི་དེའི་བསྔགས་པ་བརྗོད་པ་དང་། དགའ་བར་གྱུར།
96a5 ནས། བདག་ཅག་ལ་མེ་ཏོག་དག་སྟེར་རོ་སྙམ་དུ་བསམས་སོ།། དེ་ནས་དེ་དག་ལས་གཅིག་གིས། དེ་ལ་སྨྲས་པ། ཇི་ལྟར་སྨྱིག་མ་འདམ་བུ་དག། བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ།། དེ་ལྟར་ཁྱོད།
96a6 ཀྱིས་སྣ་སྐྱེས་ཤོག། མེ་ཏོག་སློང་གིས་སྩལ་བར་མཛོད།། གཉིས་པས་སྦས་པ། ཇི་ལྟར་ཀུ་ཤ་ཀ་ཤ་དག། བཅད་ཅིང་གཏུབས་ཀྱང་སར་སྐྱེ་བ།། དེ་ལྟར་ཁྱོད་ཀྱིས་སྣ་སྐྱེས་ཤིག། པདྨ་སློང་གིས
96a7 སྩལ་པར་མཛོད།། གསུམ་པས་སྦས་པ། ཇི་ལྟར་ངུ་རབ་འཇག་མ་དག། བཅད་ཅིང་གཏུབས་ཀྱང་སྔར་སྐྱེ་བ།། དེ་ལྟར་ཁྱོད་ཀྱིས་སྔ་སྐྱེས་ཤིག། མེ་ཏོག་སློང་གིས་སྩལ་བར་མཛོད།། བཞི
iiif viewer powered by OpenSeadragon
95b - 96b