| | e-texts navigator
|
94b1 གྱུར་པ་གང་ཡིན་པ་དེ་ནི། སེར་བྱ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་དེ་ལ་བསོད་སྙོམས་རབ་ཏུ་ཕུལ་བ་དང་། རས་ཡུག་ཕུལ་བར་གྱུར་པ་ཞེས་བྱ་བའི་བར་ནས། རྒྱུ་དེས་གཟུགས་བཟང་བ་དང་མཛེས།
94b2 པར་གྱུར་ཏོ།། ཡང་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་རེ་ཞིག་སྐྲའི་བུ་མོས་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་པོར་བགྱིས་པ་ལ་གཟིགས། བཅོམ
94b3 ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི་དེས་གང་གིས་ཕྱིར་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་བོར་བྱས་པ་ངོ་མཚར་མི་ཆེའོ།། འོན་ཀྱང་དགེ་སློང་དག་སྔོན་འདས་པའི་དུས་ནཀ་འདི་ཉིད
94b4 ཀྱིས་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་རྣམས་ཡ་ཡ་པོར་བྱས་པ་དེ་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བའི་བར་ནས། ལྷའི་བུ་མོ་འདི་ཉིད་ཅེས་བྱ་བའི་བར་ནས་ཀ་འཛམ་བུ་གླིང་དུ
94b5 རིགས་མཐོ་བ་། ནོར་ཆེ་བ། རྫས་ཀྱིས་ཚོགས་མང་པོ་ཞིག་ཏུ་སྐྱེས་ནས། འདོད་པ་སྤྱོད་པ་ཞིག་ཏུ་གྱུར་ཏོ་ཞེས་རྒྱ་ཆེར་བརྗོད་དོ།། ཚོང་དཔོན་ཞིག་གིས་ཆུང་མར་བླངས་པ་དང་། དེ་ལ་གྲོང་གི་བཀྲབས
94b6 བ་བཞི་དང་། མཆོག་ཏུ་བཀྲབས་པ་དང་ལྔ་པོ་དེ་དག་གིས་དེ་མཐོང་བ་དང་། འདོད་ཆགས་ཀྱིས་ལྷག་པར་གདུངས་པར་གྱུར་ནས། དེ་ལ་ཡང་སོ་སོ་ནས་བར་མི་དག་བཏང་བ་དང་། དེས་ཀྱང་ཉན་ཏོ།།
94b7 དེ་ནས་དེ་ཁྱོ་ལ་རག་ལས་པས་དེ་རིང་སང་ཞེས་སྨྲ་ཞིང་།། དེ་རྣམས་ཀྱི་སེམས་བསྲུང་ཞིང་འདུག་གོ།། དེ་ནས་དེ་དག་ལ་གཅིག་གིས་འདི་སྙམ་དུ་བསམས་ཏེ་གཉི་མ་ཡང་མང་ཞིག་ཐལ་བས། དེའི་ཕྱིར
iiif viewer powered by OpenSeadragon
94a - 95a