| | e-texts navigator
|
94a1 ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ཏོག་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡང་ཡ་ལ་པོར་གྱུར་ཏེ། དེ་དག་ཕན་ཚུན་དུ་འདི་ནི་བདག་གིས་ཡིན་ནོ།། འདི་ནི་བདག་གི་ཡིན་ནོ།།
94a2 ཞེས་སྨྲ་བར་གྱུར་ཏོ།། དེ་ནས་བརྒྱ་བྱིན་གྱིས་སྨྲས་པ་། བདག་ཅག་འདོད་ཆགས་ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པར་ཚིགས་སུ་བཅང་ས་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པར་འགྱུར་རོ།། དེ་དག་ལས།།
94a3 གཅིག་གིས་སྦས་པ། ཐོང་ཞིང་རབ་ཏུ་བློང་གྱུར་པས།། བདག་ལ་ཕྱོགས་ནི་སྡང་བ་མེད།། དེ་ལ་སེམས་ནི་གནས་གྱུར་པ།། དེ་ཕྱིར་གྲོགས་དག་འདི་འདོད་དོ།། གཉིས་པས་སྨྲས་པ་ཀ་ཀྱེ་མའོ་ལྷ་དབང་གང་ཞིག་ནི།།
94a4 ཚིགས་བཅད་སྨྲས་པ་དེ་རེ་བདེ།། གཡུལ་དེའི་སྣ་ལ་རྔ་བརྡུངས་པ།། དེ་ལྟར་བདག་ནི་འདོད་ཆགས་སྐྱེས།། གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པ་གྱུར་ཀྱང་ནི།། དེ་དང་དེར་ནི་ངལ་སོར་ཡོད།། ཆུ་ཀླུང་ཆེན་པོ
94a5 མི་བཟད་ལྟར།། དེ་ལྟར་བདག་གི་འདོད་ཆགས་སྐྱེས།། བཞི་པས་སྨྲས་པ། མི་བཟད་པ་ཡིས་ཁྱེར་གྱུར་ཀྱང་།། དེ་དང་དེར་ནི་ཐོགས་གྱུར་གྱི།། ཕྱེ་མ་ལེབ་ལྟར་བདག་གི་མིག་རྟག་ཏུ་འཛུམས་པ་མེད
94a6 པར་གྱུར།། བརྒྱ་བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲ་བའི་ཕྱིར།། ཁྱེད་ཅག་ཐམས་ཅད་བདེ་བ་ཡིན།། བདག་ནི་ཇི་ག་འཆི་འགྱུར་བ་འམ།། གསོན་པར་འགྱུར་བའང་མི་ཤེས་སོ།། དེ་དག་གིས་འདི
94a7 སྙམ་དུ་ཡུལ་འདི་ནི་བརྒྱ་བྱིན་འདོད་པས། གནས་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་དུ་བསམས་ནས། དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཟན་མོར
iiif viewer powered by OpenSeadragon
93b - 94b