| | e-texts navigator
|
83b1 སེར་སྐྱའི་གླེང་གཞི་འདི་རྒྱས་པར་བརྗོད་པར་བྱའོ།། ཉ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འཕགས་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི།། རུས་དང་ཁྱིམ་ལའང
83b2 རྟོག་མི་མཛད།། ཡུན་རིང་བྱས་པར་གྱུར་པ་ཡི།། ལས་རྣམས་ལ་ནི་ཡོངས་རྟོག་མཛད།། ཅེས་བྱ་བའི་བར་དང་། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ངུར་ཤོག་ཅེས་བྱ
83b3 བས་རབ་ཏུ་ཕྱུང་བའི་བར་དང་། ཡང་སྦས་པ།། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས།། སྨ་བྱི་སྣམ་སྦྱར་གྱེན་པའི་ལུས་ལྡན་ཞིང་།། མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ།། སངས་རྒྱས
83b4 དགོངས་པས་ལུས་གཟུགས་བཀབ་པར་གྱུར།། ཅེས་བྱ་བའི་བར་དུའོ།། ། བམ་པོ་བཞི་པ།། ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ
83b5 འདུན་དང་ཐབས་ཅིག་ཏུ་ཡངས་པ་ཅན་ན་འོད་མ་ཅན་གྱིས་གྲོང་ཁྱེར་ན་བཞུགས་སོ།། དེའི་ཚེ་མུ་གེ་ཉམས་ངབ་དཀོན་པ། སྡོང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས། སྡོང་མོ་དག་ལྷམ
83b6 སྤོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཞེས་བྱ་བ་ནས། སྡོང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ
83b7 བ་ཞེས་བྱ་བའི་བར་དང་། དགེ་སློང་དག་ཁྱེད་ཅག་ཚུར་ཤོག། སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་པ་ཤེས་པ་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེ་འཁོར་འདི་ཉིད་དུ་དབྱར་གནས་པར
iiif viewer powered by OpenSeadragon
83a - 84a