e-texts navigator
Collection
Volume
Page
Wylie

70b1 པམ་ཕུལ་བ་ཡིན་ནོ།། མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤོད་པའོ།། འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་ཉིད་འཇིག་པ་ཡང་ཡིན་ནོ།། ཆོས་ཞེས་བྱ་བ་འང།
70b2 ནི་ཆོས་མ་ཡིན་པ་ལ་ཆོས་ཀྱིས་སྒྲར་གསུངས་པའོ།། བསྟེན་ན་ཞེས་བྱ་བ་ནི་ལྐུག་པར་སྤྱད་ནའོ།། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་དོམ་དང་སྡེའུ་ལ་སོགས་པ་དང
70b3 ལྷན་ཅིག་ཏུའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པར་གྱུར་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན།
70b4 གསོལ་བ་དང་བཞིའི་ལས་ཀྱིས་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་འབྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། གང་ཟག་དེའི་ཁས
70b5 ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ཟློག་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་མི་འགོག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་།
70b6 ཚིག་གི་ལམ་དང་། ཚིག་ཏུ་བརྗོད་པ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ།། འདི་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར།
70b7 གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི། དེ་ཐ་མ་དང་། སྲུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པའོ།། ཡང་གང་གིས་ལྟུང་བ་དེ་བྱས་མ་ཐག་ཏུ་དགེ་སློང་མར་མི




iiif viewer powered by OpenSeadragon

70a - 71a

Texts on this page

Ty008-002 - dge slong ma'i 'dul ba rnam par 'byed pa