| | e-texts navigator
|
69a1 བསླབ་པ་མ་ཕུལ་བ་ཡིན་ནོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ལ། བསླབ་པ་ཕུལ་བ་ཡིན་ཞེས་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་འདོད་པ་དང་། མངོན་པར་མ།
69a2 དགའ་བ་དང་། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ།། ཐེ་ཚོམ་ཟ་བ་འམ། སྤོང་བ་དེ་དགེ་སློང་མའི་དྲུང་དུ
69a3 འོངས་ནས། འདི་སྐད་ཅེས་འཕགས་མ་དག་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བྱ། འདི་སྐར་དགེ་སློང་མའི་བསླབ་པ་འབུལ་ལོ་ཞེས་ཟེར་ན། བསླབ་པ་ཕུལ་བར་བརྗོད་པར་བྱའོ།།
69a4 སངས་རྒྱས་གཏོང་ངོ་།། ཆོས་གཏོང་ངོ་།། དགེ་འདུན་གཏོང་ངོ་།། མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་ཟེར་ཞིང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ་། བདག་ཁྱིམ་བཅོ
69a5 གཟུང་དུ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ་ཀ་མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱིས་དབྱེན་བྱས་པ
69a6 དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་འམ་ཀ་མུ་སྟེགས་ཅན་ནམ་ག་མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་ཟེར་བ་འམཀ་འདི་སྐད་ཅེས་བདག།
69a7 ཁྱེད་ལྟ་བུ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོས་གོ་ཞེས་ཟེར་ཞིང་། དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་།། ཚིག་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་།
iiif viewer powered by OpenSeadragon
68b - 69b