| | e-texts navigator
|
68b1 ཕྲད་པར་འདོད་པ་འམ། མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སློང་གི་ཚུལ་གྱིས་སྦྲིད་ལུག་པའམ། མུས་བྱུང་བ་འམ།། ཐེ་ཚོམ་པ།
68b2 བའམ། སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དག་ཚངས་པར་སྤྱོད་སྤྱད་དཀའོ།། རབ་ཏུ་དབེན་པར་བྱ་དཀའ་འོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བ་དཀའ
68b3 འོ།། གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པར་ཁོང་དུ་ཆུད་པར་དཀའ་འོ།། བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱིས་དགའ་བ་དང་རྩེད་མོ་རྣམས་དང་བྲལ་བ་བྱས
68b4 པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་རྩཝ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་གྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ་གཞན་གྱི་ངོར་བལྟ་དགོས་པར་འགྱུར
68b5 རོ།། བདག་ཇི་སྲིད་འཚོའི་བར་དུ་འདི་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་གཞན་དག་ལས་ཚོལ་ཁྲོ་བྱ་དགོས་སོ།། མ་དྲན་མོ།། ཕ་དང་། མིང་པོ་དང་།།
68b6 པུ་ནུ་མོ་དྲན་ནོ།། བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཟེར་ཞིང་། དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་།
68b7 ཚིག་གི་ལམ་དང་། སྦ་བའི་ཚིག་དང་། ངག་གིས་ལས་དང་། ངག་གི་རྣམ་པར་རིག་བྱེད་དག་སྨྲ་ཞིང་། འདི་སྐད་ཅེས་བདག་བསླབ་པ་ནི་གཏོང་ངོ་ཞེས་མི་སྨྲ་བ་འདི་ནི། བསླབ་པ་ཉམས་པར་བྱས་ལ།
iiif viewer powered by OpenSeadragon
68a - 69a