| | e-texts navigator
|
54a1 ནི་ཁྲི་རུ་ལ་གནས་ཤིང་འདུག་གོ།། ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྱེས་ཉལ་ལོ།། བཟང་མོ་ནི་གནས་ཤིང་འདུག་གོ།། ནམ་གྱིས་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་འདུས།
54a2 ཅིང་མི་ཉལ་ལོ།། དེ་བཞིན་དུ་ཁྲིའུའི་བར་ཡང་ཕྱུང་བ་དང་། ཡང་སེར་སྐྱའི་བུ་མོ་བཟང་མོས། ནྱ་གྲོ་དྷ་སྐྱེས་ལ་སྤྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆེད་དུ་སྦྱོར་བ་འདི་བརྩམས་ཀྱིས།། སྔོན་གྱི་དམ་བཅས་པ
54a3 དགོངས་ཤིག། དེས་སྨྲས་པ། རྟོག་པ་མེད་པ་དང་། དོགས་པ་མེད་པར་གྱིས་ལ། ཁྱོད་ཀྱང་སྔོན་གྱིས་དམ་བཅས་པ་དྲན་པར་གྱིས་ཤིག། དེ་ན་བཟང་མོ་ནི་ནམ་གྱིས་ཆ་སྟོད་ལ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི་འཆག་གོ།།
54a4 ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ།། སེར་སྐྱའི་བུ་མོ་ཟང་མོ་ནི་འཆག་གོ།། ཡང་ནམ་གྱི་ཆ་སྨད་ལ་ནི་བཟང་མོ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི་འཆག་སྟེ། དེ་དག་ཚུལ་འདིས་གནས་གཅིག་ན་མ་ལ་གཅིག་ཏུ།
54a5 ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང་དེ་གཉིས་གཅིག་ལ་གཅིག་འདོད་ཆགས་ཀྱིས་སེམས་མ་བསྐྱེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ
54a6 གཉིས་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ། ཀྱེ་མ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ། མ་ལ
54a7 བདག་གིས་འདི་གཉིས་བགམ་པར་བྱའོ་སྙམ་དུ་བསམས་ནས། བདག་ཉིད་སྦྲུལ་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་ཀྱིས་མལ་ག་ལ་བ་དེར་སོང་སྟེ་བྱིན་ནས། སྦྲུལ་ཆེན་པོ་བསྐྱིལ་བ་བྱས་ཏེ།
iiif viewer powered by OpenSeadragon
53b - 54b