e-texts navigator
Collection
Volume
Page
Wylie

4b1 གདོན་པར་བྱས།། གདུལ་བའི་དོན་དུ་ལས་ཉོན།། ཟོས་ནས་དྲང་སྲོང་ཆེན་པོ་ཡིས།། ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང་།། ཁན་མཐོ་ཕྲ་རྣམས་ལ།། བཅན་ཅིང་བྱེད་པ་ཉིད་དུ་གྱིས།
4b2 རྟག་ཏུ་འབད་པས་བདའ་བ་ཡི།། སེམས་རྒྱུ་ཁ་བླན་དཀའ་བ་ལ།། མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི།། སྲབ་ནི་སོ་སོར་ཐར་འདི་ཡིན།། ཆེ་བ་གང་དགྲ་ངག་ཙམ་གྱིས།། ལྡོག་ཅིང་མཚམས
4b3 ལས་མི་འདའ་བ།། དེ་དག་མི་རྟ་བཟང་པོ་སྟེ།། ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར།། སུ་ལ་སྲུབ་འདི་མེད་པ་དང་།། ནམ་དུའང་འདོད་པར་མི་འགྱུར་བ།། དེ་དག་ཉོན་མོངས་གསུ
4b4 ཀྱིས་དཀྲུག། འཇོག་འབྲལ་རྣམ་པར་འཁྱམས་པར་འགྱུར།། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ།། དེང་དགེ་འདུན་གྱིས་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ།
4b5 གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན།། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ།། འདུན
4b6 གསོལ་པའོ།། འཕགས་མདག་བདག་ཅག་གསོ་སྦྱོང་བྱས་ཏེ། བདག་གིས་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་གྱིས་ཤིག་དང་བདག་གིས
4b7 ཁྱེད་ལ་བཤད་དོ།། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་འཐོལ་ཅིག། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག། ཅང་མི་སྔ་ན་བདག་གིས་འཕགས་མ་ངག་ཡོངས་སུ་དག་པར་རིག་པར་བྱའོ།།




iiif viewer powered by OpenSeadragon

4a - 5a

Texts on this page

Ty008-001 - dge slong ma'i so sor thar ba'i mdo